ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་ཤོ་གྷི་ལྐོག་གསོད་བྱས་པའི་དཔང་རྟགས་ཡོད་སྐད།


ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་གྱིས་གཟའ་མིག་དམར་ཉིན་ཡུལ་དེའི་རྒྱལ་ཡོངས་གྲོས་ཚོགས་སུ་སོ་ཌི་ཨ་རེ་བྷི་ཡའི་གསར་འགོད་པ་ཇ་མཱལ་ཁ་ཤོ་གྷི་ནི་སོ་ཌི་ཨ་རེ་བྷི་ཡའི་དཔོན་རིགས་ཚོས་ཉི་མ་མང་པོའི་སྔོན་ཚུད་ནས་འཆར་གཞི་བཀོད་དེ་ཏུར་ཀི་རྒྱལ་ཁབ་ཀྱི་ཨི་སི་ཊན་བྷུལ་གྲོང་ཁྱེར་དུ་བཅའ་སྡོད་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་དུ་ལྐོག་གསོད་བྱ་རྒྱུའི་ཇུས་གཤོམ་བྱས་པ་ལྟར་ཕྱི་ཟླ་༡༠་པའི་ཚེས་༢་ཉིན་གསར་འགོད་པ་ཁ་ཤོ་གྷི་ལྐོག་བསད་བྱས་པའི་ཁུངས་སྐྱེལ་དང་དཔང་རྟགས་གསལ་པོ་ཡོད་ཅེས་གསུངས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG