ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་རིགས་ལས་དོན་དང་འབྲེལ་ལམ་ཚོགས་འདུ།


ཕྱི་ལོ་༢༠༡༨་ཟླ་བ་༡༠་པའི་ཚེས་༢༢་ནས་ཚེས་༢༥་བར་དུ་ཉིན་བཞིའི་རིང་ལ་བཞུགས་སྒར་རྡ་སར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་རྒྱ་ཡིག་ཚན་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་ལམ་བྱེད་ཕྱོགས་ཀྱི་ཚོགས་འདུ་ཐེངས་དྲུག་པ་དབུ་འཛུགས་གནང་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་འདུ་དེར་རྒྱལ་ཁབ་༡༢་ཙམ་ནས་ཚོགས་བཅར་བ་༤༥་ཡས་མས་ཤིག་ཚོགས་ཞུགས་བྱེད་ཀྱི་ཡོད་པར་མ་ཟད། ཕྱི་དྲིལ་དྲུང་ཆེས་རྒྱ་རིགས་ལ་འབྲེལ་ལམ་བྱ་རྒྱུ་ནི་ལས་དོན་གལ་གནད་ཆེན་པོ་ཞིག་ཡིན་ཞེས་གསུང་བཤད་གནས་བ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོ་རྒྱ་རིགས་མཁས་པ་སྐུ་ཞབས་ཏིང་དབྱི་ཕུ་ཡིས་ད་ཆ་རྒྱ་ནག་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་དང་འགྲོ་མུས་ཡིན་པས་བོད་པ་ཚོ་རང་ངོས་ནས་གྲ་སྒྲིག་བྱ་དགོས་པའི་གསུང་བཤད་གནང་ཡོད་པ་རེད། འདིའི་སྐོར་གྱི་ཞིབ་འཕྲའི་གནས་ཚུལ་ང་ཚོིའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG