ངོ་འཕྲད་བདེ་བའི་དྲ་འབྲེལ།

སྒོ་ཕྱུགས་ཚོད་འཛིན་གྱི་སྲིད་ཇུས་ལ་ངོ་རྒོལ།


རྒྱ་ནག་གཞུང་གིས་ལོ་མང་རིང་བོད་མིའི་སྒོ་ཕྱུགས་ཚོད་འཛིན་གྱི་སྲིད་ཇུས་ཤིག་སྤེལ་ཏེ་བོད་མི་ཚོས་འཚོ་རྟེན་བརླག་བཞིན་པ་སོགས་ཀྱི་དཀའ་ངལ་རིམ་པ་བྱུང་གི་ཡོད་པའི་དཔེར་བརྗོད་གསར་ཤོས་ཤིག་ནི་ཅོ་ནེ་རྫོང་ཉིན་པ་ཞང་གི་འབྲོག་པ་ཚོའི་གནས་སྟངས་འདི་རེད་འདུག ལོ་གསུམ་སྔོན་ལ་སྲིད་གཞུང་གི་བཀའ་བཀོད་དང་སྲིད་ཇུས་ལྟར་དུ་ཉིན་པ་ཞང་གི་འབྲོག་པ་ཚོས་སྒོ་ཕྱུགས་བཙོང་དགོས་བྱུང་ཡང་། གཞུང་གིས་ཁས་བླངས་པ་ལྟར་ལོ་གསུམ་འདིའི་རིང་ལ་འབྲོག་པ་ཚོར་འཚོ་སྣོན་གཏན་ནས་སྤྲད་མེད་པ་བཅས་ལས་ད་ལྟ་འབྲོག་པ་ཚོ་ཞང་སྲིད་གཞུང་གི་སྒོ་ཁར་ཞུ་གཏུགས་ལ་འབྱོར་འདུག་ཀྱང་ས་གནས་སྲིད་གཞུང་གིས་ཁ་ཡ་བྱེད་ཀྱི་མེད་པ་བཅས་འདི་ཀ་རླུང་འཕྲིན་ཁང་ལ་བོད་ནས་བརྙན་པར་ཞིག་འབྱོར་བ་ལས་ཤེས་རྟོགས་བྱུང་ཡོད། ཚེ་རིང་སྐྱིད་ཀྱིས་འདིའི་སྐོར་སྙན་སྒྲོན་ཞུ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG