ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨུ་རུ་སུ་དང་རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་ཐུན་མོང་གི་ལངས་ཕྱོགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་གར་དང་ཨུ་རུ་སུ་གཉིས་མཐུན་ཕྱོགས་ཤིག་ཏུ་འགྱུར་སྲིད་པ་ཞིག་ཡིན་ནམ། ཡང་ན་རྒྱ་ནག་ལ་ཕྱོགས་གཉིས་ཀྱིས་ཐོན་མོང་གི་ལངས་ཕྱོགས་ཤིག་འཛིན་ཐུབ་རྒྱུ་ཡིན་ནམ་ཞེས་ཉམས་ཞིབ་པ་ཚོས་དོགས་འདྲི་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད། བདུན་ཕྲག་སྔོན་མར་རྒྱ་གར་གྱི་སྲིད་བློན་ན་རན་དྷ་མོ་ཌི་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཆེས་མཐོའི་མཇལ་འཕྲད་གྲོས་མོལ་གནང་ནས་རྒྱ་གར་གྱིས་ཨུ་རུ་སུ་ནས་གཞན་གྱི་མེ་ཤུགས་འཕུར་མདེལ་མཁའ་དབྱིངས་སུ་གཏོར་ཐུབ་པའི་འཕུར་མདེལ་ཨེ་སི་༤༠༠་རྟགས་ཅན་སོགས་ཚུད་པའི་ཨ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་༤༣་གྱི་མ་གནས་མཚོན་ཆ་འདྲ་མིན་ཞིག་ཉོ་སྒྲུབ་བྱ་རྒྱུའི་གྲོས་མཐུན་བཞག་ཀྱང་རྒྱ་ནག་གིས་གནད་དོན་དེར་མི་འདོད་པའི་གཏམ་བཤད་ཀྱི་རིགས་གང་ཡང་སྤེལ་མེད་པར་མ་ཟད། རྒྱ་ནག་གིས་རྒྱུན་དུ་རྒྱ་གར་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་བ་ནི་བཟང་ཕྱོགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གང་ཡིན་ཞེ་ན་རྒྱ་གར་གྱིས་ཨུ་རུ་སུ་ལ་ཅི་ཙམ་འབྲེལ་བ་ཉེ་བོ་བྱེད་པ་དེ་ཙམ་གྱིས་ཨ་མི་རི་ཀ་དང་རྒྱ་གར་གྱི་འབྲེལ་བ་རྒྱང་ཐག་རིང་དུ་འགྲོ་རྒྱུ་ཡིན་པའི་དངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་སྔ་ཏུར་ཀི་དང་ཨུ་ཛི་བྷེ་ཀི་སི་ཐན་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ་ཨིམ་ཀེ་ཝར་ཌ་ར་ཀུ་མར་གྱིས་ཨུ་རུ་སུས་རྒྱ་ནག་ལ་འབྲེལ་ལམ་ཡར་རྒྱས་ཤུགས་ཆེན་གཏོང་བ་དང་ཆབས་ཅིག ཁོ་ཚོས་རྒྱ་གར་ལའང་མཉམ་འབྲེལ་དང་རྒྱུན་ལྡན་གྱི་འབྲེལ་ལམ་ཡར་རྒྱས་ཧ་ཅང་ཆེན་པོ་ཞིག་གཏོང་གི་ཡོད། འདི་ནི་གཙོ་ཆེ་བ་ཨུ་རུ་སུ་རང་ཉིད་ཀྱི་ཁེ་ཕན་གཙིགས་སུ་བཟུང་ནས་ཁུལ་དེར་རྒྱ་གར་དང་ཨུ་རུ་སུ། དེ་བཞིན་རྒྱ་ནག་བཅས་ཀྱི་འབྲེལ་ལམ་ཞིག་ཚུགས་རྒྱུའི་འབད་རྩོན་བྱེད་ཀྱི་ཡོད་པ་དང་འབད་རྩོན་དེར་སྲིད་བློན་མོ་དྷིས་ཀྱང་ངོས་ལེན་མེད་ཅེས་དགག་པ་རྒྱག་མི་སྲིད་པའི་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་གསུངས་འདུག རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ནི་ཕན་ཚུན་ཡིད་ཆེས་བློ་འགེལ་བྱེད་མི་ཐུབ་པའི་རྙོག་ཟིང་ཆེ་བའི་འབྲེལ་ལམ་ཞིག་ཡིན་པར་བརྟེན། རྒྱ་གར་དང་ཨུ་རུ་སུ་གཉིས་ཀྱིས་རྒྱ་ནག་ལ་ཐུན་མོང་གི་ལངས་ཕྱོགས་ཤིག་འཛིན་ཐུབ་པའི་ཐབས་ལམ་ཞིག་འཚོལ་གྱིན་ཡོད་པ་ཡིན་སྲིད་དོ།།

XS
SM
MD
LG