ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་སྲིད་འཛིན་ཐུག་འཕྲད་བྱ་འཆར།


ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་རིང་མིན་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ལོ་འཁོར་ཚོགས་ཆེན་ཞོར་དུ་མཇལ་འཕྲད་གནང་འཆར་ཡོད་ཅིང་། འདི་ནི་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་ཇེ་སྡུག་ཏུ་འགྲོ་བཞིན་པ་འདིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཕོག་གི་ཡོད་པར་མ་ཟད། རྒྱལ་སྤྱིའི་ཁྲོམ་རར་ཤུགས་རྐྱེན་ངན་པ་ཐེབས་སྲིད་པར་ཕྱོགས་གཉིས་ཀས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པའང་མཚོན་གྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་སྤེལ་པའི་གནས་ཚུལ་རྣམས་ནོར་བུ་བསམ་འཕེལ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG