ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཚུགས་ནས་ལོ་༡༠༧་འཁོར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ཐེ་ཝན་གྱིས་དེ་རིང་གཟའ་ལྷག་པ་སྟེ། ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་ཀྲུང་ཧྭ་མི་སེར་རྒྱལ་ཁབ་དབུ་བརྙེས་ནས་ལོ་༡༠༧་འཁོར་པའི་དུས་དྲན་སྲུང་བརྩི་ཞུས་ཡོད་ཅིང་། ཐེ་ཝན་གྱི་སྲིད་འཛིན་ཕོ་བྲང་མདུན་གྱི་ཐང་ཆེན་དུ་ཚོགས་པའི་མཛད་སྒོའི་ཐོག་ཏུ་དམག་གི་རུ་སྒྲིག་དང་འཁྲབ་སྟོན་སྣ་ཚོགས་བྱས་ནས་དགའ་སྟོན་ཚུགས་འདུག

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨ་རིའི་སྲིད་འཛིན་གཞོན་པ་ཕེན་སི་ཡི་གཏམ་བཤད་ལུང་དྲངས་ཏེ་རྒྱ་ནག་གིས་ཐེ་ཝན་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་ཉེན་ཁ་བཟོ་བཞིན་པ་ནན་བརྗོད་བྱས་པར་མ་ཟད། ཐེ་ཝན་གྱིས་དམངས་གཙོ་ཁྱབ་སྤེལ་བྱས་པར་བརྟེན་ནས་ས་ཁུལ་དང་འཛམ་གླིང་ཞི་བདེ། བདེ་འཇགས་བཅས་ལ་ཕན་ཐོགས་བྱུང་ཡོད་ཅེས་བཤད།

སྲིད་འཛིན་ཚེ་དབྱིན་ཝེན་གྱི་གསུངས་དོན། ངས་བསྐྱར་དུ་པེ་ཅིང་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ནི་འགན་འཁྲི་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོས་ནས་ས་ཁུལ་དང་འཛམ་གླིང་ཞི་བདེ་ལ་ལེགས་སྐྱེས་འབུལ་དགོས་པ་ལས་འཁྲུག་རྩོད་ཀྱི་འབྱུང་རྩ་ཞིག་ཏུ་མི་འགྱུར་བར་བྱ་དགོས་ཟེར་རྒྱུ་དེ་ཡིན།

ད་དུང་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་གྱི་བདག་དབང་དང་བདེ་འཇགས་ཁག་ཐེག་བྱེད་པའི་ཐབས་ལམ་ཡག་ཤོས་ནི་ཐེ་ཝན་མཚོ་གླིང་དེ་ཉིད་འཛམ་གླིང་སྟེང་དུ་སུས་ཀྱང་ཚབ་བྱེད་མི་ཐུབ་པ་དང་ཐེ་ཝན་མེད་དུ་མི་རུང་བ་ཞིག་ཏུ་བསྒྱུར་རྒྱུ་ཁོ་ན་ཡིན་ཞེས་ཚིག་འགའ་བསྣན། ༢༠༡༦་ལོར་ཚེ་དབྱིན་ཝེན་གྱིས་ཐེ་ཝན་མཚོ་གླིང་གི་སྲིད་འཛིན་གྱི་འོས་འགན་བཞེས་པའི་རྗེས་སུ་རྒྱ་ནག་གི་གནོན་ཤུགས་དང་བསླུ་བྲིད་ལ་བརྟེན་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ལྔས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་འབྲེལ་བ་བཅད་དོ།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG