ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་དང་ཨ་རིའི་སྲིད་འཛིན་གཞོན་པའི་གཏམ་བཤད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གིས་ཐེ་ཝན་ལ་བརྙས་བཅོས་དང་འཇིགས་སྣང་སྐུལ་བའི་སྲིད་ཇུས་འཛིན་སྟངས་དེར་ཨ་རིའི་སྲིད་འཛིན་གཞོན་པས་སྐྱོན་བརྗོད་དྲག་པོ་བྱས་པའི་རྗེས་སུ་ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་ཨ་མི་རི་ཀའི་ལངས་ཕྱོགས་ལ་ཆེས་བསྟོད་དང་ཐེ་ཝན་གྱི་རང་སྲུང་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་པར་རྩ་འཛིན་དང་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

སྤྱི་ཟླ་༡༠་བའི་ཚེས་༤་ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཧ་ཌི་སིན་ཉམས་ཞིབ་ཁང་དུ་ཨ་རིའི་སྲིད་འཛིན་གཞོན་པ་མེཀ་ཕེན་སི་ཡིས་སྐར་མ་༤༠་ཙམ་ལ་གཏམ་བཤད་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་གསལ་སྟོན་གནང་ཡོད་ཅིང་། ཨ་རིའི་སྲིད་འཛིན་གཞོན་པས་བོད་དོན་དང་ཐེ་ཝན། ཞིན་ཅང་བཅས་ཀྱི་གནད་དོན་རྣམས་གླེང་སློང་རྣོ་ངར་ལྡན་པ་ཞིག་བྱས་ཏེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་ལ་བློ་འཚབ་ཡོད། ལྷག་པར་དུ་རྒྱ་ནག་གཞུང་གིས་ཐེ་ཝན་ལ་སྡིགས་ར་སྐུལ་བ་དང་བརྙས་བཅོས་བྱེད་པའི་དོན་ཚན་ཁག་ཅིག་ཐེར་འདོན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་དང་ཐེ་ཝན་ལ་དམངས་གཙོའི་ལམ་ལུགས་ཤིག་དར་ཡོད་པར་བསྔགས་བརྗོད་བྱས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་གཞོན་པས་གཏམ་བཤད་ནང་དུ་ཐེ་ཝན་ཞེས་ཐེངས་ཁ་ཤས་མིང་འབོད་བྱས་པར་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་ལ་བུ་ལོན་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་དེས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་ལྷོ་ཨ་མི་རི་ཀ་རྒྱལ་ཁབ་གསུམ་ལ་ཐེ་ཝན་དང་ཕྱི་འབྲེལ་གཅོད་དུ་བཅུག་ཡོད་ཅིང་། རྒྱ་ནག་གཞུང་གིས་ཚོང་ར་དང་དཔལ་འབྱོར་བེད་སྤྱོད་ཀྱིས་ཨ་མི་རི་ཀའི་ཚོང་རའི་ཁོར་ཡུག་ཏུ་འཇིགས་སྐུལ་དང་བསླུ་བྲིད་བྱ་ཐབས་བྱེད་ཀྱི་ཡོད་པའི་གྲས་སུ་ཨ་མི་རི་ཀའི་མཁའ་ལམ་ལས་ཁང་ཁག་ལ་ཐེ་ཝན་ཞེས་པའི་མིང་དེ་བཀོལ་སྤྱོད་བྱེད་མི་ཆོག ཐེ་ཝན་ལ་རྒྱ་ནག་གི་ཐེ་ཝན་ཟེར་དགོས་ཞེས་བཙན་བཀའ་གཏོང་གི་ཡོད་པ་དམིགས་སུ་བཀར་ནས་སྐྱོན་བརྗོད་བྱས་འདུག

ཨ་མི་རི་ཀའི་སྲིད་འཛིན་གཞོན་པས་ཨ་རིའི་སྲིད་གཞུང་གི་ཚབ་བྱས་ནས་རྒྱ་ནག་ལ་འཛིན་པའི་ཨ་མི་རི་ཀའི་སྲིད་ཇུས་ཕྱིར་བསྒྲགས་བྱས་པའི་གཏམ་བཤད་དེར་ཐེ་ཝན་གྱིས་བསྟོད་བསྔགས་དང་ཨ་རིའི་སྲིད་འཛིན་གཞོན་པས་ཐེ་ཝན་གྱི་དཀའ་གནད་ཁག་གླེང་སློང་བྱས་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པར་རྗེས་སུ་ཡི་རངས་ཡོད་ཅེས་ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་འདུག དཔེར་ན་ཨ་མི་རི་ཀས་ཐེ་ཝན་གྱི་དམངས་གཙོའི་གྲུབ་འབྲས་ལ་ངོས་འཛིན་གནང་ཞིང་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཐེ་ཝན་གྱི་གནས་བབ་གསལ་སྟོན་དང་རྒྱབ་སྐྱོར། ཐེ་ཝན་མཚོ་འགག་གི་བརྟན་ལྷིང་ལ་ཐུགས་སྣང་གནང་བ་བཅས་ཀྱི་བཀའ་དྲིན་བསམ་ཤེས་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་གསེས་ཚོགས་མི་ཞིག་གི་ངོས་ནས་ཐེ་ཝན་གྱིས་མུ་མཐུད་དུ་མཚོ་གླིང་འདིའི་ལྟ་བ་མི་མཐུན་པའི་ཆབ་སྲིད་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས་ཐེ་ཝན་མཚོ་འགག་གི་རང་སྲུང་གི་ལངས་ཕྱོགས་རྩ་འཛིན་བྱ་རྒྱུའི་དམ་བཅའ་ལ་འགྱུར་བ་མེད་པར་ས་ཁོངས་འདིའི་ཞི་བདེ་དང་བརྟན་ལྷིང་གི་ཆེད་དུ་མུ་མཐུད་དུ་མདུན་སྐྱོད་བྱ་རྒྱུ་འཆར་ཡོད་ཅེས་བཀོད་ཡོད་པ་རེད།།

XS
SM
MD
LG