ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འཁོར་སྐར་བརྒྱུད་ནས་བརྙན་པར་བརྒྱབ་པ་དེར་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་དོན་ལྟར་ན་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་ཕྱེ་ནས་ཡུལ་སྐོར་སྤྲོ་འཆམ་པ་འགུགས་བྱེད་བཞིན་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་པ་སྲིད་དོན་བཙོན་པ་རྣམས་ཚོ་བཙོན་འཇུག་དང་མནར་གཅོད། ད་དུང་བཙན་གཡེམ་པ་སོགས་སྤྱི་ཚོགས་ཀྱི་ཉེས་ཅན་པའི་བཙོན་ཁང་ཁག་ཀྱང་རྒྱ་སྐྱེད་བཏང་ཡོད་པའི་སྐོར། ཡེ་ཤེ་རྡོ་རྗེ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།