ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡ་ཆེན་སྒར་དང་མི་མངོན་པའི་སྲིད་ཇུས།


རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་མཁན་བླ་གྲྭ་གསུམ་སོགས་མཐོ་དམའ་ཡོངས་ལ་རིམ་པ་ལྔའི་ཡིག་རྒྱུགས་སྤྲོད་དགོས་ཞེས་བཙན་བཀའ་བཏང་སྟེ། ཕ་ཡུལ་དང་དགོན་པ། ལོ་གྲངས། ཐོབ་ཐང་དཔང་ཡིག ཁ་པར་ཨང་གྲངས། ད་ལྟའི་སྡོད་གནས་བཅས་ཀྱི་ཡིག་ཚགས་རྣམས་བསྡུ་རུབ་བྱེད་བཞིན་ཡོད་ཅིང་། ས་ཁུལ་གང་གི་མི་ཡིན་པ་དང་དགོན་པར་མི་གྲངས་ག་ཚོད་ཡོད་མེད་བཅས་ལ་ཞིབ་བཤེར་བྱེད་བཞིན་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ངོས་ལེན་མེད་པའི་བླ་མ་དང་སྤྲུལ་སྐུ། མཁན་པོ་སོགས་ཀྱིས་སྐྱ་སེར་ཕོ་མོ་སུ་ལའང་ཆོས་བཤད་མི་ཆོག་པའི་བཀའ་བཏང་ཡོད་འདུག དེ་བཞིན་དུ་ཡ་ཆེན་སྒར་ནི་གནའ་ནས་ཡོད་པའི་དགོན་པ་ཞིག་མིན་པ་དང་ཁྲིམས་མཐུན་ཡིག་ཆ་མེད་པའི་དགོན་པ་གསར་པ་ཞིག་ཡིན་པས་བཤིག་དགོས། གཞན་ཡང་དགོན་པའི་ནང་དུ་རྒྱ་མི་གྲངས་མང་ཡིན་པའི་དོ་དམ་ཅུས་ཟེར་པ་ཞིག་བཙུགས་ཏེ་དགོན་པའི་ཕྱི་ནང་ཀུན་ལ་དམ་དྲག་དང་ལྟ་རྟོག་ནན་མོས་འགྱུར་བ་སྣ་མང་ཞིག་མངོན་གསལ་དོད་པོ་མེད་པར་ཞིག་གཏོང་གི་ཡོད་པས། ད་ལྟ་ཡ་ཆེན་སྒར་གྱི་ས་ཁྱོན་དང་མི་གྲངས་བཅས་པ་མུ་མཐུད་ནས་ཇེ་ཉུང་དང་ཚོད་འཛིན་བྱེད་བཞིན་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG