ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་དམངས་མཉམ་འབྲེལ་གྱི་ལས་འགུལ།


ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་སྤྱི་དམངས་མཉམ་འབྲེལ་ལས་འགུལ་ཚོགས་པས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་སུ་སྤྱི་དམངས་རྣམས་མཉམ་འབྲེལ་ཐོག་ཏུ་ངག་བཅད་དང་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱ་དགོས་པའི་སྐུལ་སློང་བྱེད་བཞིན་ཡོད་ཅིང་། རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་རྒྱལ་སྟོན་དུས་ཆེན་གྱི་སྔ་ཕྱི་རུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་སོགས་སུ་དམ་དྲག་སྔར་ལས་ཇེ་ཆེར་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོ་མི་ཚོགས་འཛོམས་སར་འགྲོ་སྐྱོད་བྱེད་མི་ཆོག་པའི་ཉེན་བརྡ་བཏང་འདུག

སྤྱི་དམངས་མཉམ་འབྲེལ་ལས་འགུལ་ཚོགས་པས་རྒྱ་ནག་ལ་ལྔ་པའི་ཚེས་གཅིག་དང་བདུན་པའི་ཚེས་གཅིག བཅུ་པའི་ཚེས་གཅིག་བཅས་དུས་ཚིགས་རེ་རེའི་སྐབས་སུ་སྲིད་གཞུང་གི་ལམ་ལུགས་དེ་ཉིད་དྲང་བདེན་མ་རེད་ཅེས་མི་མང་ངོ་རྒོལ་བ་རྣམས་དུས་གཅིག་ཏུ་ས་གནས་གཅིག་ལ་འཛོམས་ནས་མཉམ་འབྲེལ་གྱི་ངོ་རྒོལ་བྱ་དགོས་པའི་སྐུལ་ལྕག་བཏང་སྟེ་མཉམ་འབྲེལ་གྱི་ནུས་པ་དང་སྟོབས་ཤུགས་ལ་བརྟེན་ནས་གཞུང་སྲིད་གཡོ་འགུལ་གཏོང་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG