ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སྤྱི་ཟླ་༩་པའི་ཚེས་༡༤་ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་དྲ་ཚིགས་སུ་གནས་ཚུལ་འཁོད་པ་ལྟར་ན་མ་འོངས་པའི་སྤྱི་ཟླ་༡༡་པའི་ཚེས་༡་ནས་བཟུང་སྟེ་ལོ་རྗེས་མའི་སྤྱི་ཟླ་༣་ཚེས་༡༥་བར་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ག་སོགས་སུ་གནས་སྐོར་དུ་འགྲོ་མཁན་ཚོར་རིན་མེད་ཀྱིས་གནས་སྐོར་བྱེད་དུ་འཇུག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག

འདི་ནི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལོ་མཇུག་འདིའི་དགུན་དུས་སུ་བོད་ལྗོངས་ཀྱི་ཡུལ་སྐོར་ལ་དམིགས་པའི་བྱེད་སྒོ་ཞིག་ཡིན་ཞིང་། བྱེད་སྒོ་འདི་ཉིད་དམིགས་བསལ་བོད་རང་ལྗོངས་ཀྱི་ཁོངས་སུ་དབྱར་དུས་མ་གཏོགས་དགུན་དུས་ཡུལ་སྐོར་བ་ཉུང་དུ་འགྲོ་བཞིན་པའི་སྟབས་ཀྱིས་འགྲུལ་པ་འགུགས་ཐབས་ཤིག་ཡིན་སྲིད། སྤྱིར་པོ་ཏཱ་ལ་དང་ནོར་བུ་གླིང་ག་སོགས་ལ་རིན་མེད་ཡུལ་སྐོར་མཚམས་འཇོག་བྱེད་དུ་འཇུག་པའི་དུས་ཚོད་ནི་ཏག་ཏག་སྤྱི་ཟླ་༣་པའི་ཚེས་༡༤་གཞུག་ལ་གཏན་འབེབས་བྱས་འདུག སྤྱི་ལོ་༢༠༠༨་ཀྱི་ས་བྱིའི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་སྤྱི་ཟླ་༣་པའི་ནང་དུ་བོད་ཀྱི་ས་ཁུལ་ཁག་ཏུ་དམིགས་བསལ་གྱིས་དམ་དྲག་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་བོད་རང་སྐྱོང་ལྗོངས་སུ་ན་ནིང་སྤྱི་ལོ་༢༠༡༧་ལོར་རྒྱལ་ཁབ་ཕྱི་ནང་གཉིས་ནས་འགྲུལ་པ་མི་གྲངས་བྱེ་བ་གཉིས་དང་ས་ཡ་ལྔ་སླེབས་ཡོད་ཅིང་། ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ནས་རྒྱ་སྒོར་དུང་ཕྱུར་སུམ་བརྒྱ་དང་བདུན་བཅུ་དོན་དགུའི་ཡོང་འབབ་ཐོབ། འདས་པའི་ལོ་ལྔའི་རིང་གི་ཡོང་འབབ་བསྡོམས་རྩིས་བརྒྱབ་ན་བོད་རང་སྐྱོང་ལྗོངས་སུ་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ནས་བྱུང་བའི་ཡོང་འབབ་ནི་རྒྱ་སྒོར་དུང་ཕྱུར་ཆིག་སྟོང་སུམ་བརྒྱ་བརྒལ་འདུག་ཅེས་འཁོད། བོད་རང་སྐྱོང་ལྗོངས་ལ་ལོ་ལྟར་ཡུལ་སྐོར་སྤྲོ་འཆམ་པ་རྟག་ཏུ་ཡོང་གི་ཡོད་པའི་གོ་སྐབས་བཟུང་ནས་རྒྱ་ནག་གཞུང་གིས་རྒྱ་བཟའ་ཀོང་ཇོ་ཞེས་པའི་སྒྱུ་རྩལ་འཁྲབ་སྟོན་སོགས་བརྒྱུད་ནས་བོད་འདི་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པ་སོགས་ཀྱི་སྒྲུབ་བྱེད་བཀོད་དེ་ཡུལ་སྐོར་བ་མང་པོའི་ཀླད་པ་འཁྲུ་ཐབས་བྱེད་པའི་ལས་འགུལ་སྤེལ། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་ལྟར་ན་སྤྱི་ལོ་༢༠༡༧་ལོ་གཅིག་པུར་ཡུལ་སྐོར་བ་མི་གྲངས་ཁྲི་ཞེ་ལྔ་ལ་རྒྱ་བཟའ་ཀོང་ཇོ་ཞེས་པའི་ཟློས་གར་བལྟ་རུ་བཅུག་འདུག བོད་རང་སྐྱོང་ལྗོངས་ལ་ལོ་ལྟར་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་པའི་མང་ཆེ་བ་རྒྱ་མི་ཡིན་ཞིང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་རྣམས་ལྷ་སར་འགྲོ་ཚེ་དམིགས་བསལ་གྱི་འགྲོ་ལུགས་མང་པོ་ཞིག་བརྒྱུད་ན་མ་གཏོགས་འགྲོ་རུ་འཇུག་གི་མེད། དེ་བཞིན་བོད་ཀྱི་ས་ཆ་གཞན་ཁ་ཤས་ལའང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་འགྲོ་རྒྱུར་ཚོད་འཛིན་ཡོད། བོད་རང་སྐྱོང་ལྗོངས་མ་ཡིན་པའི་བོད་ཀྱི་ས་ཁུལ་གཞན་ཁག་ནས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ་འཛུལ་ན་གཞུང་གི་ཉེན་རྟོག་ལས་ཁུངས་ཁག་གི་ཆོག་མཆན་ཞུ་དགོས། ལྷ་སར་མཆོད་མཇལ་དུ་བསྐྱོད་ཀྱང་ལྷ་སར་ཡོད་པའི་ས་གནས་སོ་སོའི་དོན་གཅོད་ཁང་གིས་དོ་བདག་སོ་སོའི་ཐོབ་ཐང་ལག་འཁྱེར་གཞུང་བཞེས་བྱས་ནས་ལྷ་སར་བསྡད་པའི་རིང་དེར་གནས་སྐབས་ཀྱི་ཐོབ་ཐང་ལག་འཁྱེར་ཞིག་སྤྲོད་པ་དང་། ས་གནས་གཞན་གྱི་བོད་པ་ཚོར་བསྐྱར་དུ་བརྟག་དཔྱད་དང་འདྲི་གཅོད་བྱེད་པ་སོགས་སུན་གཙེར་མང་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG