ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀུ་ཤུའི་ཁ་པར་ཐོན་གསར་ཚེས་༡༢ཉིན་ཨ་རི་ནས་ཁྱབ་བསྒྲགས་ངོ་སྤྲོད་གནང་ཡོད་པ།


དེ་ཡང་ཀུ་ཤུའི་ཚོང་གཉེར་ཁང་ནས་ལོ་ལྟར་སྤྱི་ཟླ་དགུ་པའི་ནང་ཐོན་གསར་ཐོན་རྫས་ཁག་ཅིག་ངོ་སྤྲོད་ཞུ་ཡི་ཡོད་པ་བཞིན་རེས་གཟའ་ལྷག་པ་དང་སྤྱི་ཚེས་༡༢ཉིན་ཨ་རིའི་མངའ་སྡེ་ཁེ་ལེ་ཧྥོ་ཎི་ཡ་ནས་སྤྱི་ལོ་༢༠༡༨ལོའི་ཐོན་གསར་ཁ་པར་དང་ཆུ་ཚོད། སྐད་པར། གློག་ཀླད་སོགས་གསར་བསྐྲུན་ཞུས་ཡོད་པ་ཁག་ཁྱབ་བསྒྲགས་གནང་ཡོད། དེའི་ནང་ནས་མི་ཚོས་དོ་སྣང་ཆེ་ཤོས་བྱ་ཡུལ་གྱི་ཐོན་རྫས་གསར་པ་ནི་ཀུ་ཤུའི་ཁ་པར་ཡིན་ཞིང་། འདི་ལོ་གསར་དུ་ཐོན་པའི་ཁ་པར་ལ་རིམ་པ་ཁག་གསུམ་ཡོད་པ་དང་། དེ་ནི་ཀུ་ཤུའི་བཅུ་པའི་Iphone X R དང་ Iphone X S Iphone X Max གསུམ་ལ་ཆེ་ཆུང་མི་འདྲ་བ་གསུམ་ཡོད་ཅིང་། ཁྱད་ཆོས་གསར་པ་ནི་པར་ཆས་ཡར་རྒྱས་དང་མྱུར་ཚད་མགྱོགས་པ། ཁ་པར་ཆེ་བ་གཉིས་ལ་Sim card གཉིས་བཅུག་རྒྱུ་ཡོད་པ་སོགས་ཀྱི་ཐོག་Iphone x Rའདིའི་རིན་གོང་དམའ་རུ་བཏང་ཡོད་འདུག

​ དེ་བཞིན་ཀུ་ཤུའི་ཚོང་གཉེར་ཁང་ནས་ཆུ་ཚོད་ཐོན་གསར་བཏོན་ཡོད་པ་འདིར་སྨན་ཁང་ནང་བེད་སྤྱོད་བྱེད་བཞིན་པའི་སྙིང་ཕར་ཚད་བརྟག་དཔྱད་བྱེད་པའི་འཕྲུལ་ཆས་ECG བཅུག་ཡོད་པ་འདིས་སྙིང་གི་ནད་པ་མང་པོར་སྟབས་བདེ་སྐྲུན་ཐུབ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཀུ་ཤུའི་ཁ་པར་ནང་བོད་ཡིག་བེད་སྤྱོད་སྟབས་བདེ་ཡོད་པས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མིའི་ཁྲོད་ནས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པ་མ་ཟད། བོད་ཡིག་བེད་སྤྱོད་སྟབས་བདེ་ཡོད་པ་དེས་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་བཞིན་པའི་ཁྲོད་སྐད་ཡིག་སྲུང་སྐྱོབ་ཀྱི་ནུས་པ་ཞིག་ཐོན་ཡོད་པར་བོད་ཡིག་བེད་སྤྱོད་བྱེད་མཁན་ནས་ངོས་འཛིན་གནང་གི་ཡོད་འདུག ཀུ་ཤུའི་ཁག་པར་ཐོག་བོད་ཡིག་བེད་སྤྱོད་སྟབས་བདེ་ཡོད་པ་དེས་ཁ་པར་ནང་བེད་སྤྱོད་བྱེད་བཞིན་པའི་དེ་མིན་བོད་ཡིག་ཐོག་གི་བཀོལ་ཆས་APPS ཚིག་མཛོད་ལ་སོགས་པ་ཁག་སྟབས་བདེའི་ངང་བེད་སྤྱོད་ཐུབ་པ་དང་། གཞོན་སྐྱེས་བོད་ཡིག་སྦྱོང་བཞིན་ཡོད་པ་ཚོར་ཡང་ཕན་ཐོགས་ངེས་ཅན་ཞིག་ཐོན་བཞིན་ཡོད།

XS
SM
MD
LG