ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གི་སུད་ཌེན་གྱི་མཛད་འཆར།


ཡུ་རོབ་ཀྱི་རྒྱལ་ཁབ་སུད་ཌེན་གྱི་གསར་འགྱུར་བརྒྱུད་ལམ་ཞིག་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་ཁབ་དེར་ཆིབས་སྒྱུར་གནང་ཡོད་པའི་གནས་ཚུལ་རྒྱ་ཆེན་ཞིག་སྤེལ་ཡོད་ཅིང་། ལོ་བདུན་གྱི་གོང་སྟེ། ༢༠༡༡་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཕྱེད་རྒན་ཡོལ་དུ་བཞུགས་རྒྱུ་ཡིན། ད་རེས་ཀྱི་ཆིབས་སྒྱུར་འདི་སུད་ཌེན་ལ་ཕེབས་པ་མཐའ་མ་དེ་ཡིན་སྲིད་ཅེས་བཀའ་གནང་ཡོད་མོད། འོན་ཀྱང་ཐེངས་འདིར་༧གོང་ས་མཆོག་བསྐྱར་དུ་སུད་ཌེན་ལ་ཆིབས་སྒྱུར་བསྐྱངས་པ་་དང་། ༧གོང་ས་མཆོག་གིས་སུད་ཌེན་གྱི་ལྷོ་ཕྱོགས་གྲོང་ཁྱེར་མལ་མོ་ལ་བདེ་སྐྱིད་ཀྱི་ཐབས་ལམ་དང་ཞི་བདེའི་སྐོར་མང་ཚོགས་ལ་བཀའ་སློབ་བསྩལ་བར་དྲི་བ་དྲིས་ལན་གནང་བ་སོགས་ཐད་གཏོང་ཞུས་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG