ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་སུད་ཌེན་ལ་ཞབས་སོར་འཁོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༩་པའི་ནང་དུ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བཞི་ལ་ཆིབས་སྒྱུར་བསྐྱངས་ནས་རྒྱ་ཆེའི་མང་ཚོགས་ལ་བཀའ་སློབ་དང་གསུང་ཆོས་གནང་རྒྱུ་སོགས་ཀྱི་མཛད་འཕྲིན་ཁག་བསྐྱང་བར་མགོན་པོ་གང་ཉིད་གཟའ་མིག་དམར་ཉིན་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་སུད་ཌེན་ལ་ཞབས་སོར་བདེ་བར་འཁོད་ཅིང་། གཤམ་ལ་རྒྱལ་མཚན་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གི་ཆིབས་ཞབས་པ་དབྱིན་ཡུལ་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ཕྱག་རོགས་བསྟན་འཛིན་ཀུན་དགའ་ལགས་སུ་༧གོང་ས་མཆོག་གི་སུད་ཌེན་གྱི་མཛད་འཕྲིན་ཁག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG