ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་བཞི་ལ་ཆིབས་སྒྱུར།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་སུད་ཌིན་དང་ནེ་དྷར་ལན་ཌི། འཇར་མན་ཎི་། སུད་སི་བཅས་རྒྱལ་ཁབ་བཞིའི་ནང་དུ་མཛད་འཕྲིན་བསྐྱང་རྒྱུའི་ཆེད་དུ་ཕྱི་ལོ་༢༠༡༨་ཀྱི་ཟླ་བ་༩་ཚེས་ ༡༠་སྟེ། རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོར་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་མཛད་ཡོད་ཅིང་། ཐེངས་དེའི་ཡུ་རོབ་རྒྱལ་ཁབ་བཞིའི་ཆིབས་སྒྱུར་གྱི་རིང་དེར་མང་ཚོགས་ལ་བཀའ་སློབ་དང་གསུང་ཆོས། སུད་སི་རི་ཀོང་ཆོས་འཁོར་དགོན་ཕྱག་བཏབ་སྟེ་ལོ་༥༠་འཁོར་པའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་སོགས་ཀྱི་མཛད་འཆར་རིམ་པ་ཞིག་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG