ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།


དེ་རིང་ཕྱི་ལོ་༢༠༡༨་ཀྱི་ཟླ་བ་༩་ཚེས་༣་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་གཙང་ཆོལ་ཁ་དང་མདོ་སྨད་ཆོལ་ཁ། རྡ་རམ་ས་ལའི་མདོ་ཁམས་ཆུ་བཞི་སྒང་དྲུག རྒྱ་གར་བྱང་ཤར་ཁུལ་གྱི་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ཀྱིས་བོད་པ་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཤིང་། ༧གོང་ས་མཆོག་གིས་ཀྱང་མགོན་པོ་གང་ཉིད་དགུང་གྲངས་བརྒྱ་ལྷག་ལ་བཞུགས་ཐུབ་པའི་ཐུགས་སྨོན་མཛད་ཀྱིན་ཡོད་ཅེས་བཀའ་བཞེས་བཟང་པོ་ཐོབ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG