ངོ་འཕྲད་བདེ་བའི་དྲ་འབྲེལ།

སློབ་གསོའི་ལམ་ལུགས་ལ་ཁྱིམ་བདག་ཚོས་ངོ་རྒོལ།


རྒྱ་ནག་ཧུའུ་ནན་ཞིང་ཆེན་གྱི་སློབ་གསོའི་ལམ་ལུགས་ལ་འདོད་པ་མ་ཁེངས་པར་ཁྱིམ་བདག་༦༠༠་ལྷག་གིས་ངོ་རྒོལ་བྱས་སྐབས་བདེ་སྲུང་མི་སྣ་ཚོར་གདོང་ཐུག་བྱུང་ཡང་རྒྱ་ནག་གཞུང་གིས་གནས་ཚུལ་འདིར་གསང་བ་བྱེད་བཞིན་པ་རེད། དེ་ཡང་རྒྱ་ནག་གི་སློབ་གསོའི་ལམ་ལུགས་ཁྲོད་དུ་དྲང་སྙོམས་ཀྱི་སྟངས་འཛིན་མེད་པའི་གྱོད་དོན་ཡང་ཡང་འབྱུང་གི་ཡོད་པ་ལྟར་གཟའ་མཇུག་དེར་རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་གྱི་ལི་དབྱང་གྲོང་ཁྱེར་སྲིད་གཞུང་གིས་སློབ་ཕྲུག་རྣམས་སློབ་གྲྭར་འགྲིམ་སའི་ས་ཁོངས་ཆ་བགོས་ཀྱིས་གཞུང་འབྲེལ་སློབ་གྲྭ་ཁག་གི་སློབ་ཕྲུག་མང་པོ་ཞིག་སྒེར་གྱི་སློབ་གྲྭ་ཁག་ལ་འཇུག་དགོས་བྱུང་འདུག སྒེར་གྱི་སློབ་གྲྭ་ཁག་གི་ཆ་རྐྱེན་ཞན་པ་དང་སློབ་ཡོན་མཐོ་དྲགས་པ་བཅས་ཀྱིས་ཁྱིམ་བདག་གིས་ངོ་རྒོལ་བྱས་སྐབས་ཉེན་རྟོག་པས་དྲག་གནོན་བྱུང་ཡོད་པའི་གནས་ཚུལ་རྣམས་རྒྱ་ནག་གཞུང་གིས་གསང་བ་བྱ་ཐབས་བྱེད་བཞིན་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG