ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གར་སོང་ཆ་མེད་དུ་གྱུར་པའི་བཙོན་པར་དྲན་གསོ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ཟླ་༨་པའི་ཚེས་༣༠་ཉིན་མོ་འདི་འཛམ་གླིང་གི་ཡུལ་གྲུ་གང་སར་ཆབ་སྲིད་ཀྱི་གནད་དོན་ཐོག་ཏུ་གར་སོང་ཆ་མེད་དུ་གྱུར་པའི་མི་རྣམས་དྲན་གསོ་བྱེད་པའི་ཉིན་མོར་ཐག་གཅོད་གནང་ཡོད་པ་ལྟར་བོད་ཀྱི་ཆབ་སྲིད་བཙོན་ཟུར་པ་ཚོས་བཙུགས་པའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བཞུགས་སྒར་རྡ་རམ་ས་ལར་དུས་དྲན་གྱི་ཉིན་མོ་འདིར་བསྟུན་ནས་པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་༥༠་ལྷག་གི་སྐུ་པར་སྦྱར་ནས་སྲིད་དོན་བཙོན་པ་དེ་དག་གི་གནས་སྟངས་ལ་དོ་སྣང་ཆེ་རུ་གཏོང་ཐབས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གང་དུ་ཡོད་མེད་རྟོག་ཞིབ་བྱ་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་ཡོད་པའི་སྐོར།་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG