ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཨི་རན་གྱི་ཉེས་ཆད།


ཨི་རན་རྡུལ་ཕྲན་གྲོས་མཐུན་ཁོངས་ནས་ཨ་མི་རི་ཀ་ཕྱིར་འཐེན་བྱས་པ་དང་། ད་ལོའི་སྤྱི་ཟླ་༡༡་པ་ནས་ཨ་མི་རི་ཀས་སླར་ཡང་ཨི་རན་གྱི་རྒྱལ་ཡོངས་དཔལ་འབྱོར་ཡོང་ཁུངས་གཙོ་བོ་རྡོ་སྣུམ་ཕྱིར་ཚོང་ལ་བཀག་སྡོམ་བྱ་རྒྱུ་ཡིན་པར་མ་ཟད། ཨི་རན་ལ་ཚོང་འབྲེལ་བཙུགས་ཡོད་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་ཀྱང་ཨ་མི་རི་ཀར་ཚོང་འབྲེལ་གཅོད་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཡོད་པས་ཨི་རན་གྱི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་ཞིང་། ཨ་མི་རི་ཀའི་འགྲིམ་འགྲུལ་བཀག་སྡོམ་གྱི་འཇིགས་སྣང་གིས་ཨི་རན་པ་མང་པོ་ཞིག་གིས་རྒྱལ་ཁབ་གཞན་གྱི་ཕྱིར་སྐྱོད་ལག་འཁྱེར་ཉོ་ཐབས་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG