ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་བཙན་བྱོལ་བའི་གྲུབ་འབྲས་ཀྱི་འདྲ་པར་འགྲེམ་སྟོན།


ད་ལྟ་བར་དུ་ཡོ་རུབ་དང་ཨ་རིའི་གྲོས་ཚོགས་སོགས་འཛམ་གླིང་གི་ཡུལ་གྲུ་མང་པོའི་སྲིད་གཞུང་ཁག་ལ་རྒྱ་ནག་གཞུང་གིས་གཞིས་ལུས་བོད་མི་དམངས་ཀྱི་སྟེང་དུ་གདུག་རྩུབ་ཆེ་ཞིང་མིའི་སྤྱོད་ཚུལ་ལས་འདས་པའི་མནར་བཅོད་གཏོང་གི་ཡོད་པའི་དངོས་ཡོད་གནས་ཚུལ་སྙན་སེང་ཞུས་དང་ཞུ་མུས་ཡིན་ཞིང་། སྤྱི་ཚེས་༢༩་ཉིན་འཛམ་གླིང་ཡུལ་ཁག་གི་སྤྱི་ཚོགས་ཞབས་ཞུ་བ་ཚོས་ཡོ་རུབ་གྲོས་ཚོགས་སུ་བོད་པ་བྱས་རྗེས་ཅན་དེ་དག་གི་ལོ་རྒྱུས་དང་འདྲ་པར་རྣམས་འགྲེམ་སྟོན་གྱིས་བོད་དོན་བདེན་མཐའ་གསལ་རྒྱུར་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་ཚོ་དགྱེས་མཉེས་ཆེན་པོ་བྱུང་སྟེ་བོད་པ་བཙན་བྱོལ་བ་ཚོར་སྤོབས་པ་བསྐྱེད་ཡོད་པའི་སྐོར། བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་བྷ་ར་སིལ་སི་གྲོང་ཁྱེར་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG