ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨུ་རུ་སུའི་དམག་སྦྱོང་ཆེན་མོ།


༄༅།། ཟླ་བ་རྗེས་མར་ཨུ་རུ་སུའི་དམར་ཤོག་ལམ་ལུགས་འཐོར་ཞིག་སོང་བའི་རྗེས་ཀྱི་དམག་སྦྱོང་ཆེ་ཤོས་ཤིག་བྱེད་ཀྱི་ཡོད་པ་དེར་རྒྱ་ནག་དང་སོག་པོའི་དམག་དཔུང་ཡང་མཉམ་ཞུགས་བྱ་འཆར་ཡོད་ཅིང་། ད་ཐེངས་ཀྱི་དམག་སྦྱོང་དེར་༢༠༡༨་ཀྱི་ཤར་ཕྱོགས་དམག་སྦྱོང་ཞེས་མིང་བཏགས་ནས་ཨུ་རུ་སུའི་དམག་དཔུང་འབུམ་༣་དང་དམག་གི་གནམ་གྲུ་༡༠༠༠་ལྷག ཨུ་རུ་སུའི་མཚོ་དམག་གི་དཔུང་སྡེ་གཉིས། གནམ་སྐྱེལ་དམག་དཔུང་ཡོད་དོ་ཅོག་བཅས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།།

༢༠༡༨་ཀྱི་དམག་སྦྱོང་འདི་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་སྟེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་ཉེ་འཁོར་བར་དུ་རྒྱ་སྐྱེད་གཏོང་གི་ཡོད་པའི་མཚམས་སུ་བྱེད་ཀྱི་ཡོད་པ་ཞིག་ཡིན་པས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཀྱང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་འགྲེམ་འཇོག་བྱེད་ཀྱི་ཡོད་པའི་དམག་གི་སྟོབས་ཤུགས་ཆེ་རུ་གཏོང་གི་ཡོད་ཅེས་གསལ་བསྒྲགས་སྤེལ། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་བཙན་འཕྲོག་བྱས་པ་དང་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་བཟུང་སྟེ་ཨུ་རུ་སུ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འབྲེལ་བ་སྡུག་ཏུ་སོང་འདུག

ད་ལོའི་ཕྱི་ཟླ་༩་ཚེས་༡༡་ནས་༡༥་བར་དུ་བྱ་འཆར་ཡོད་པའི་ཨུ་རུ་སུའི་དམག་སྦྱོང་ལ་ཉི་ཧོང་གིས་བློ་འཚབ་བྱེད་ཀྱི་ཡོད་པ་སྟེ། ཉི་ཧོང་གཞུང་གིས་ཨུ་རུ་སུའི་ཤར་ཕྱོགས་སུ་དམག་གསོག་རྒྱག་རྒྱུ་མང་དྲགས་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་ཀྱང་ཨུ་རུ་སུས་ཉི་ཧོང་གིས་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་འགོག་སྲུང་མེ་ཤུགས་འཕུར་མདེལ་འཛུགས་རྒྱུ་མང་དྲགས་འདུག་ཅེས་དགག་པ་བརྒྱབ། ཨུ་རུ་སུའི་དམག་སྦྱོང་གི་དུས་སྐབས་དེར་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ཨུ་རུ་སུའི་ཤར་ཕྱོགས་སུ་ཆགས་པའི་ཝྭ་ལ་ཌི་ཝྭོ་སི་ཊོཀ་གྲོང་ཁྱེར་དུ་ཚོགས་འདུ་ཞིག་ལ་ཕེབས་ཀྱི་ཡོད་པ་དང་། ཁ་སང་གཟའ་མིག་དམར་ཉིན་ཉི་ཧོང་གི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཞིག་གིས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཨུ་རུ་སུ་དང་རྒྱ་ནག་གི་དམག་དཔུང་འགུལ་སྐྱོད་ལ་གཟབ་ནན་གྱིས་རྟོག་ཞིབ་བྱེད་བཞིན་ཡོད། ༡༩༨༡་ལོར་ཨུ་རུ་སུའི་ནུབ་ཕྱོགས་དམག་སྦྱོང་ཆེན་མོ་བྱས་ནས་བཟུང་སྟེ་དམག་སྦྱོང་ཆེན་པོ་འདི་འདྲ་ཞིག་བྱས་མྱོང་མེད། ཕྱོགས་འགའ་ཞིག་ནས་བལྟས་ན་ཨུ་རུ་སུས་༡༩༨༡་ལོར་བྱས་པའི་དམག་སྦྱོང་ཆེན་པོ་དེ་བསྐྱར་ཟློས་བྱེད་ཀྱི་ཡོད་པ་འདྲ་བོ་ཞིག་ཡིན་ཞིང་། འགའ་ཤས་ཀྱིས་༢༠༡༨་ལོའི་ཤར་ཕྱོགས་དམག་སྦྱོང་ཆེན་མོ་ནི་༡༩༨༡་ལོར་བྱས་པའི་ནུབ་ཕྱོགས་དམག་སྦྱོང་ཆེན་མོ་ལས་ཀྱང་གཞི་རྒྱ་ཆེ་བ་འདུག་ཅེས་འགྲེལ་བཤད་རྒྱག་གི་ཡོད་པ་དང་། དམག་སྦྱོང་དེར་ཨུ་རུ་སུའི་ཞི་བདེའི་རྒྱ་མཚོ་དང་བྱང་ཕྱོགས་མཚོ་དམག་གི་དཔུང་སྡེ་རྣམས་མཉམ་ཞུགས་བྱ་འཆར་འདུག་ཅེས་བཤད་ཡོད་པར་མ་ཟད། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཞིག་གིས་ཀྱང་ཐེངས་འདིའི་དམག་སྦྱོང་ལ་རྒྱ་ནག་དང་སོག་པོའི་དམག་དཔུང་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་ཅེས་བཤད་ཀྱང་རྒྱ་ནག་དང་སོག་པོའི་དམག་གྲངས་ཅི་ཙམ་མཉམ་ཞུགས་བྱེད་ཀྱི་ཡོད་མེད་གསལ་བོར་བཤད་མེད་པ་རེད།།

ཨུ་རུ་སུའི་སྤྱི་ཚོགས་ལ་འགྲོ་གྲོན་ཆེ་རུ་འགྲོ་བའི་དུས་སུ་དམག་སྦྱོང་ཆེན་པོ་འདི་འདྲ་ཞིག་ལ་འགྲོ་གྲོན་གཏོང་རྒྱུ་འོས་འཚམས་ཤིག་ཡིན་ནམ་ཞེས་གསར་འགོད་པ་ཚོས་དྲིས་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕོ་བྲང་གི་ལས་སྣེ་ཚོས་དམག་སྦྱོང་འདིར་འགྲོ་གྲོན་གཏོང་དགོས་ངེས་སུ་གྱུར་ཡོད། ད་ལྟའི་རྒྱལ་སྤྱིའི་གནས་སྟངས་འོག་ཏུ་ང་ཚོས་རང་གི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་རྒྱ་སྐྱེད་གཏོང་དགོས། ང་ཚོར་བཙན་དྲག་སྐུལ་མཁན་དང་དགྲར་འཛིན་བྱེད་མཁན་གྱི་ཁ་གཏད་པ་རྟག་ཏུ་འབྱུང་གི་ཡོད་པས་དམག་སྦྱོང་འདི་འོས་ཤིང་འཚམས་པ་ཞིག་ཡིན་ཟེར་པ་དང་། གསར་འགོད་པ་ཚོས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་དམག་དོན་མཉམ་འབྲེལ་བྱ་འཆར་ཡོད་པ་ཡིན་ནམ་ཞེས་དྲིས་ཚེ། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་དེས་ང་ཚོ་ཕྱོགས་གང་ཐད་དུ་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་རྟགས་མཚན་ཐོན་ཡོད་ཅེས་ལན་འདེབས་བྱས་འདུག རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱས་མྱོང་ཡོད་ཀྱང་དམག་སྦྱོང་གཞི་རྒྱ་ཆེན་པོ་འདི་འདྲ་ཞིག་བྱས་མྱོང་མེད་པ་དང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ང་ཚོར་སྔོན་ཕྱི་ཟླ་༥་པ་ནས་ཨུ་རུ་སུའི་གཞུང་གིས་དམག་སྦྱོང་ཆེན་པོ་ཞིག་བྱ་འཆར་ཡོད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་སྣེ་ཚོ་དམག་སྦྱོང་དེར་རྟོག་ཞིབ་ལ་ཡོང་ཆོག་ཅེས་སྔོན་བརྡ་བཏང་སོང་། མོ་སི་ཀོར་བཅའ་སྡོད་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དོན་གཅོད་ཁང་གི་དམག་དཔུང་རྣམས་ཀྱང་དམག་སྦྱོང་དེར་མཉམ་ཞུགས་བྱ་དགོས་པའི་མགྲོན་འབོད་བྱས་སོང་། རྒྱལ་ཁབ་ཚང་མར་དམག་སྦྱོང་བྱེད་ཆོག་པའི་ཐོབ་ཐང་ཡོད། ཡིན་ནའང་དམག་སྦྱོང་འདི་མངོན་ལྐོག་མེད་པར་ཕྱི་གསལ་ནང་གསལ་ཞིག་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ་མོད། འོན་ཀྱང་ཉི་ཧོང་གིས་དམག་དོན་མི་སྣ་ཚོས་ཨུ་རུ་སུའི་དམག་གི་ལྕགས་འཁྲབ་འཁོར་ལོ་དང་མཚོན་ལྡན་རླངས་འཁོར་༣༦༠༠༠་ལྷག་དང་དམག་དཔུང་འབུམ་ཕྲག་གསུམ་ལྷག དམག་གི་གནམ་གྲུ་༡༠༠༠་ལྷག་དང་མཚོ་དམག་གི་དཔུང་སྡེ་བཅས་ཀྱིས་དུས་མཉམ་དུ་དམག་སྦྱོང་ཆེན་པོ་འདི་འདྲ་ཞིག་བྱེད་ཀྱི་ཡོད་པ་དམག་འཁྲུག་ཁོ་ནར་དམིགས་པ་ཞིག་ཡིན་པས་རང་བཞིན་གྱིས་བློ་འཚབ་བྱ་དགོས་པ་ཞིག་རེད་ཅེས་བཤད་འདུག

XS
SM
MD
LG