༄༅།། དེ་རིང་ཕྱི་ཟླ་༨་པའི་ཚེས་༢༨་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གསར་པའི་གྲོང་སྡེ་ལས་ཁང་གི་ཚོམས་ཆེན་དུ་བོད་རྒྱུད་ནང་བསྟན་གྱི་ཆོས་རྒྱུད་ཁག་གི་ དགེ་འདུན་པ་རྣམས་དབུ་བཞུགས་ཀྱིས་ཉེ་འཆར་འདས་གྲོངས་སུ་གྱུར་པའི་རྒྱ་གར་གྱི་སྲིད་བློན་ཝ་ཇི་པ་དབྱི་དམ་པ་དེ་ཉིད་ཀྱི་ཆེད་དུ་བསྔོ་སྨོན་དང་རྗེས་དྲན་གྱི་བྱེད་སྒོ་རྒྱ་ཆེན་ཞིག་གོ་སྒྲིག་ཞུས་ཡོད་པའི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱི་ལྡི་ལི་གསར་པ་ནས་བཏང་བ་དེ་གསན་རོགས་གནང་།