ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

སྲིད་འཛིན་ཌོམ་གྱི་གནད་ཡོད་མི་སྣ་གཉིས་ཀྱི་ནག་ཉེས་ར་འཕྲོད་གནང་བ།


༄༅།།གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཌོ་ནོལ་ཊོམ་དང་འབྲེལ་བ་ཆེ་བའི་གནད་ཡོད་མི་སྣ་གཉིས་ནས་ཁྲིམས་འགལ་བྱས་པའི་ནག་ཉེས་ངོས་ལེན་གནང་བའི་སྐོར་གཞུང་གི་ཁྲིམས་ཁང་གིས་ར་འཕྲོད་གནང་ཡོད་པ་རེད། དེ་ཡང་སྲིད་འཛིན་ཊོམ་གྱི་སྲིད་འཛིན་འོས་འདེམས་སྐབས་ཀྱི་འགན་འཛིན་ཟུར་པ་ཕཱའོ་མེག་ནཱ་ཧྥོ་ཌེ་ཡིས་༢༠༡༦ལོའི་སྲིད་འཛིན་འོས་འདེམས་ལས་འགུལ་སྐབས་སུ་གཞུང་ཁྲིམས་དང་འགལ་བའི་ཉེས་འཛུགས་བཅོ་བརྒྱད་ནས་བརྒྱད་ལ་ངོས་ལེན་གནང་ཡོད་པ་དང་། ཡང་སྲིད་འཛིན་ཊོམ་སྒེར་གྱི་ཁྲིམས་རྩོད་པ་ཟུར་པ་མྷེཁེ་ཁོ་ཧཱན་གྱིས་སྐུ་ཞབས་ཊོམ་དང་བུད་མེད་གཉིས་དབར་ཚུལ་མིན་གྱི་འབྲེལ་བ་བྱུང་བའི་གནས་ཚུལ་སྦས་གསང་ཆེད་དུ་དངུལ་འབོར་ཆེན་སྤྲད་ནས་ཁ་བཀག་པའི་ནག་ཉེས་ལ་ངོས་ལེན་གནང་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG