ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་ནས་མི་བརྒྱད་རྡ་སར་འབྱོར་བ།


** FILE ** face covered with scarf to conceal identity, looks on at the Tibetan Reception Centre dormitory in Dharmsala, India, Wednesday, Jan. 31, 2007.
** FILE ** face covered with scarf to conceal identity, looks on at the Tibetan Reception Centre dormitory in Dharmsala, India, Wednesday, Jan. 31, 2007.

༄༅།།ཉེ་ཆར་བོད་ཀྱི་མདོ་སྟོད་སྨད་ནས་ཕེབས་པའི་ན་གཞོན་བརྒྱད་རི་ལམ་རྐང་ཐང་གིས་བརྒལ་ཏེ་བལ་ཡུལ་དུ་སྐྱབས་བཅོལ་ལ་འབྱོར་བའི་གནས་ཚུལ་ཐོན་ན་ཡང་བལ་ཡུལ་གཞུང་གིས་བོད་མི་བཙན་བྱོལ་བ་དེ་དག་ཕྱིར་ཐོན་བྱ་རྒྱུར་བཀག་སྡོམ་བྱས་པ་དང་། ཕྱིས་སུ་བལ་ཡུལ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་འབྲེལ་མཐུད་ལས་ཁུངས་དང་རྒྱ་གར་བར་གྱི་དམིགས་བསལ་འབྲེལ་ལམ་བརྒྱུད་དེ་བོད་ནས་འབྱོར་བའི་བཙན་བྱོལ་བ་བརྒྱད་བཞུགས་སྒར་རྡ་ལམ་ས་ལར་བདེ་འབྱོར་བྱུང་ཡོད་པ་རེད།

བོད་ནས་གསར་དུ་འབྱོར་བའི་བཙན་བྱོལ་བ་ཕལ་མོ་ཆེ་ལྟར། ད་ལྟ་བཞུགས་སྒར་རྡ་སའི་དབུས་སྣེ་ལེན་ཁང་དུ་འབྱོར་བའི་བོད་མི་བརྒྱད་པོ་ཡང་ཕྱི་བསྐྱོད་ལག་ཁྱེར་སོགས་ཅི་ཡང་མེད་པས། ལམ་ཁྲིད་པར་གླ་ཆ་སྤྲད་དེ་གསང་བའི་ཐོག་ནས་ས་མཚམས་བརྒལ་བ་ཡིན་པ་རེད།།

India Tibet
India Tibet

བོད་མི་དེ་དག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། བོད་དུ་དགོན་པ་ཁག་ཏུ་ནང་ཆོས་སྦྱོང་བའི་ཁོར་ཡུག་ཀུ་ཡངས་མེད་པ་དང་སློབ་གྲྭར་བོད་ཡིག་སྦྱོང་བའི་གོ་སྐབས་ཇེ་ཆུང་དུ་འགྲོ་བཞིན་པ་བཅས་ཀྱིས་ཁོང་རྣམས་ལམ་བར་གྱི་དཀའ་ངལ་དང་ཉེན་ཁ་ལ་མ་འཛེམས་པར་བཙན་བྱོལ་ལ་ཡོང་བ་དང་། རྒྱ་གར་དུ་སློབ་གྲྭ་དང་དགོན་པ་སོགས་སུ་རང་དབང་ངང་སློབ་གཉེར་བྱ་རྒྱུའི་འདུན་པ་བཅངས་ཏེ་ཡོང་བ་ཡིན་ཟེར། ཁོ་ཚོའི་ཁྲོད་དུ་དགེ་འདུན་པ་དང་བཙུན་མ། ལོ་ན་༡༣་ཅན་གྱི་བུ་མོ་ཆུང་ཆུང་གཅིག་བཅས་ཚུད་ཡོད་པ་རེད།

སྤྱི་ལོ་༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་བ་ནས་བོད་ཁུལ་གྱི་ས་གནས་སོ་སོར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱས་པ་དང་ས་མཚམས་སུ་དེ་ལས་ཀྱང་དམ་དྲག་གི་སྲིད་ཇུས་བཟུང་བ། གཞན་ཡང་བལ་ཡུལ་དུ་འབྱོར་ཡང་ཕར་རྒྱ་ནག་ལ་རྩིས་སྤྲོད་པའི་ཉེན་ཁ་སོགས་ཀྱིས་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་མཁན་གྱི་ཁ་གྲངས་ཇེ་ཉུང་ལ་སོང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG