ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་རང་བཙན་དོན་གཉེར་བ་ཞིག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད།


ཧོང་ཀོང་རྒྱལ་ཡོངས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེཎ་ཌི་ཅན་གྱིས། དེ་རིང་རེས་གཟའ་མིག་དམར་ཉིན་ཧོང་ཀོང་ནང་ཡོད་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱི་གོ་སྒྲིག་མཛད་སྒོའི་སྟེང་གཏམ་བཤད་གནང་སྐབས། རྒྱ་ནག་གཞུང་གིས་རང་བཙན་དོན་གཉེར་བ་ཚོར་དམ་དྲག་བཀག་འགོག་བྱེད་ཀྱིན་ཡོད་པ་དེ་ནི་ཧོང་ཀོང་མི་མང་གི་རང་དབང་ཐོབ་ཐང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་དན་རྟགས་ཡིན་ཞེས་དང་། རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་བ་དང་། བོད་མི་ཚོའི་ཐོག་ལག་བསྟར་བྱེད་ཀྱིན་ཡོད་པའི་སྲིད་ཇུས་ཧོང་ཀོང་དུའང་གཅིག་མཚུངས་ལག་ལེན་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་གནང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེར་གསན་རོགས་གནང་།།

XS
SM
MD
LG