ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

གཡག་གི་གསང་བའི་རིན་ཐང་ཤེས་ནས་ཨ་རིའི་ནང་གཡག་འཚོ་སྐྱོང་བྱེད་མཁན་མང་དུ་འགྲོ་བ།


༄༅།།ཐེངས་འདིའི་གངས་རིའི་བྲག་ཅའི་ལེ་ཚན་ནང་། ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཞིབ་འཇུག་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཨ་མི་རི་ཁའི་ནང་ཉུང་མཐར་ཡང་བོད་ཀྱི་གཡག་འཚོ་མཁན་གྱི་འབྲོག་པ་ཉིས་བརྒྱ་ལྷག་ཟིན་ཚར་ཡོད་པ་དང་ད་དུང་མུ་མཐུད་མང་དུ་འགྲོ་བཞིན་པ་རེད། དེར་མ་ཟད་ འབྲོག་པ་རེ་རེ་ལ་གཡག་བརྒྱ་ལྷག་ཡོད་མཁན་དུ་མ་ཞིག་ཡོད། གནས་སྟངས་འདི་ནི་ཁོང་རྣམས་ཀྱིས་གཡག་ལ་གཞན་དང་མི་འདྲ་བའི་དམིགས་བསལ་ཁྱད་ཆོས་མང་པོ་ཡོད་པ་ཤེས་རྟོགས་བྱུང་ནས་གཡག་ལ་དོ་སྣང་ཆེན་པོ་ཞིག་སླེབས་བཞིན་པའི་རྐྱེན་རེད། དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG