ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རུ་ན་ཅལ་མངའ་སྡེ་གཞུང་བཀའ་དྲིན་ཆེ།


༄༅།། རྒྱ་གར་བྱང་ཕྱོགས་ཀྱི་ཨ་རུ་ན་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལྷན་ཁང་གི་གཙོ་འཛིན་འཇམ་དཔལ་བཞུགས་སྒར་དུ་ཕེབས་པའི་སྐབས་སུ་སྲིད་སྐྱོང་བློ་བཟང་སེངྒེས་ཨ་རུ་ན་ཅལ་མངའ་སྡེ་གཞུང་བོད་པ་བཙན་བྱོལ་བ་ཚོར་བཀའ་དྲིན་ཆེན་པོ་ཡིན་པས་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་ཅིང་། མངའ་སྡེ་དེའི་བློན་ཆེན་གྱིས་ཀྱང་ཉེ་དུས་ས་གནས་དེའི་སློབ་ཕྲུག་ཚོགས་པ་ཟེར་པ་ཞིག་གིས་བོད་པ་ཚོར་དམིགས་སུ་བཀར་ནས་ངོ་རྒོལ་བྱས་པའི་གནས་ཚུལ་དེ་དག་ཞི་འཇགས་ཡོང་རྒྱུའི་ཆེད་དུ་རིང་མིན་ཚོགས་འདུ་ཞིག་སྐོང་འཆར་ཡོད་ཅེས་གསུངས་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG