ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་དང་རྒྱ་ནག་གི་གནོན་ཤུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་མིན་ལ་རྒྱལ་སྤྱིའི་ཐོག་ཏུ་རྩོད་གཞི་ཆེན་པོ་ཡོད་པ་དང་༡༩༤༩་ནས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་མཚོ་གླིང་གཉིས་ལ་སྲིད་གཞུང་མ་འདྲ་བ་དང་ཆབ་སྲིད་ཀྱི་ལམ་ལུགས་མ་འདྲ་བ། ཤེས་ཡོན་སློབ་གསོ་དང་སྤྱི་ཚོགས་ཀྱི་ལམ་ལུགས་མ་འདྲ་བ་གཉིས་དར། ཐེ་ཝན་གཞུང་གིས་རྒྱལ་ཁབ་༢༠་ཡས་མས་ཤིག་ལ་ཕྱི་འབྲེལ་བཙུགས་ནས་རང་བཙན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་གནས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཐེ་ཝན་མཚོ་གླིང་དེ་ཉིད་རང་བཙན་རྒྱལ་ཁབ་ཅིག་མིན། ཐེ་ཝན་རྒྱ་ནག་སྐམ་ས་ཆེན་མོའི་མངའ་ཁོངས་སུ་གཏོགས་པའི་ངོ་ལོག་ཞིང་ཆེན་ཞིག་ཡིན་ཞེས་རྩོད་པ་དྲག་པོ་བརྒྱབ་སྟེ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། དམག་གི་སྟོབས་ཤུགས་དང་མི་འབོར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་ལ་གཏན་འཇགས་ཚོགས་འཐུས་རྒྱལ་ཁབ་ཅིག་གི་གོ་གནས་ཡོད་པའི་དབང་ཤུགས་འོག་ཏུ་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་འབྲེལ་གྱི་ཚོགས་ཆེན་ཁག་དང་རྒྱལ་སྤྱིའི་བྱེད་སྒོ་ཁག་ལ་མཉམ་ཞུགས་གཏན་ནས་བྱེད་ཐུབ་ཀྱི་མེད་ཅིང་། དཔེར་ན་ཁ་སྔོན་ཕྱི་ཟླ་༤་ནང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་༣༦་ལ་ཡི་གེ་བཏང་སྟེ་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་དེ་དག་གིས་ཕྱི་ཟླ་༧་ཚེས་༢༥་མི་འགྱངས་པར་རང་གི་འགྲིམ་འགྲུལ་གྱི་ཐོ་གཞུང་ཁག་ཏུ་ཐེ་ཝན་ཞེས་བཀོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་བསྒྱུར་དགོས། གལ་སྲིད་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་ལ་རྒྱ་ནག་གིས་དགོས་འདུན་བཏོན་པ་ལྟར་མ་བསྒྱུར་ན་མཁའ་ལམ་ལས་ཁུངས་དེ་དག་གིས་རྒྱ་ནག་ལ་འགྲིམ་འགྲུལ་གྱི་ཚོང་འབྲེལ་གཅོད་དགོས་ཞེས་ཐ་ཚིག་བསྒྲགས། དེར་བརྟེན་ཨ་མི་རི་ཀའི་མཁའ་ལམ་ལས་ཁུངས་དང་ཌལ་ཊ་མཁའ་ལམ་ལས་ཁུངས། མཉམ་འབྲེལ་མཁའ་ལམ་ལས་ཁུངས། ཁེ་ན་ཌའི་མཁའ་ལམ་ལས་ཁུངས་དང་འཇར་མན་ཎིའི་ལུབ་ཐན་ས་མཁའ་ལམ་ལས་ཁུངས་སོགས་འཛམ་གླིང་གི་མཁའ་ལམ་ལས་ཁུངས་མང་ཆེ་བས་རྒྱ་ནག་གི་དགོས་འདུན་ལ་བསྟུན་ནས་རང་གི་འགྲིམ་འགྲུལ་གྱི་ཐོ་གཞུང་ཁག་ཏུ་ཐེ་ཝན་ཞེས་བཀོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་བསྒྱུར། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རང་གི་ཆབ་སྲིད་ཀྱི་ལྟ་བ་རྣམས་ཨ་མི་རི་ཀའི་སྤྱི་དམངས་སྒེར་པ་དང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་སྟེང་དུ་བཙན་འགེལ་བྱེད་ཀྱིན་འདུག འདི་ནི་འཇོར་ཇི་ཝོར་ཝེལ་གྱི་སྒྲུང་རྩོམ་ནང་གི་བཙན་དབང་ལྟ་གྲུབ་དང་གཅིག་མཚུངས་རེད་ཅེས་ཁ་རྡུང་དྲག་པོ་བཏང་ཞིང་། ཨ་མི་རི་ཀའི་མཁའ་ལམ་ལས་ཁུངས་མང་ཆེ་བ་དང་ཁེ་ན་ཌའི་མཁའ་ལམ་ལས་ཁུངས་སོགས་ཀྱིས་ང་ཚོས་ཚོང་ལས་གཉེར་ཡུལ་རྒྱལ་ཁབ་དེའི་ཁྲིམས་དང་སྒྲིག་གཞི། རྒྱལ་ཁབ་དེའི་ཁྲིམས་དབང་ཁྱབ་ཚད་ལ་བརྩི་འཇོག་བྱ་རྒྱུ་ཡིན་ཞེས་རྒྱ་ནག་གི་དགོས་འདུན་དེ་ཉིད་དང་དུ་བླངས། སྔོན་ཆད་ཨ་མི་རི་ཀའི་མཁའ་ལམ་ལས་ཁུངས་དང་ཌལ་ཊ་མཁའ་ལམ་ལས་ཁུངས། མཉམ་འབྲེལ་མཁའ་ལམ་ལས་ཁུངས་བཅས་ཀྱིས་ཐེ་ཝན་མཚོ་གླིང་གི་གྲོང་ཁྱེར་ཁག་གི་ཐོ་གཞུང་གི་གཞུག་དེར་ཐེ་ཝན་ཞེས་བཀོད་ཡོད་པ་རྣམས་ནག་གསུབ་བཏང་བར་བརྟེན། ཕྱི་ཟླ་༧་ཚེས་༢༦་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨན་ཌི་རིའུ་ལིས་རྒྱ་ནག་གིས་ཐེ་ཝན་གྱི་བདག་དབང་རྩ་མེད་གཏོང་ཐབས་དང་ཐེ་ཝན་རྒྱལ་སྤྱིའི་ས་བཀྲའི་ནང་དུ་ནག་གསུབ་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་ཐེ་ཐན་མི་དམངས་ཀྱིས་ནམ་ཡང་རྒྱ་ནག་གི་ཐབས་ཇུས་དེར་མོས་མཐུན་བྱ་མི་སྲིད་ཅེས་གསར་འགོད་ལྷན་ཚོགས་བསྐོངས། ད་ལྟ་ཨ་མི་རི་ཀའི་མཁའ་ལམ་ལས་ཁུངས་ཆེ་ཁག་གསུམ་གྱི་འགྲིམ་འགྲུལ་ཐོ་གཞུང་དུ་ཐེ་ཝན་ཞེས་པའི་མིང་ཚིག་གཉིས་དངོས་སུ་མི་གསལ་མོད། འོན་ཀྱང་ཨ་རིའི་མཁའ་ལམ་ལས་ཁུངས་དེ་དག་གི་འདམ་ངའི་ཐོ་གཞུང་དུ་ཐེ་ཝན་ཞེས་པའི་མིང་ཚིག་གཉིས་རང་སོར་བཞག་ཡོད་པར་མ་ཟད། ད་དུང་དྲྭ་ལམ་གྱི་གནམ་གྲུའི་པ་སི་ཉོ་ས་དང་དྲྭ་ལམ་གྱི་བུན་ཁའི་དངུལ་ཁང་ཁག་གི་ཐོ་གཞུང་དུའང་ཐེ་ཝན་ཞེས་པའི་མིང་ཚིག་དེའི་རེའུ་མིག་དེ་ཉིད་རང་སོར་བཞག་འདུག་གོ

XS
SM
MD
LG