ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཟླ་བ་གཉིས་ཀྱི་བོད་ཡིག་འཛིན་གྲྭའི་དབྱར་སྦྱོང་།


ཁེ་ན་ཌའི་ཀརྨ་བསོད་ནམས་དར་རྒྱས་གླིང་ཆོས་ཚོགས་ཀྱིས་ལོ་ལྟར་བོད་ཕྲུག་ཚོར་ཟླ་བ་གཉིས་ཀྱི་རིང་ལ་བོད་ཡིག་སློབ་ཁྲིད་དང་བོད་ཀྱི་རིག་གཞུང་མཚམས་སྦྱོར་གྱི་དབྱར་སྦྱོང་འཛིན་གྲྭ་ཞིག་འཚོགས་བཞིན་ཡོད་ཅིང་། ལོ་འདིར་བོད་ཕྲུག་༨༠་ལྷག་དབྱར་སྦྱོང་དེར་མཉམ་ཞུགས་བྱས་འདུག ཀརྨ་བསོད་ནམས་དར་རྒྱས་གླིང་གི་ཆོས་དགེ་བླ་མ་བསྟན་འཛིན་གྲགས་པར་བོད་ཡིག་སློབ་ཁྲིད་ཀྱི་དབྱར་སྦྱོང་འཛིན་གྲྭའི་བྱུང་རིམ་དང་སློབ་ཚན་བཅས་ལ་བཅར་བཀའ་འདྲི་ཞུས་ཡོད་པར་མ་ཟད། སློབ་ཕྲུག་གི་ཁྱིམ་བདག་ཐུབ་བསྟན་དབང་རྒྱལ་ལགས་ཀྱིས་ལོ་རེར་ཟླ་བ་གཉིས་ཀྱི་རིང་ལ་རང་གི་བུ་ཕྲུག་གཉིས་བོད་ཡིག་འཛིན་གྲྭར་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རྣམས་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG