ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་རིགས་ཁ་ཆེ་བར་དམ་དྲག་བྱེད་བཞིན་པ།


༄༅།།རྒྱ་ནག་ཀན་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་ལིན་ཞྭ་ཧེ་རིགས་རང་སྐྱོང་ཁུལ་གྱི་རྒྱ་རིགས་ཁ་ཆེ་བའི་ས་ཆ་ཁག་ཏུ། ལོ་ན་༡༦་མན་གྱི་ན་གཞོན་ཚོ་ཁ་ཆེའི་ཆོས་ཁང་ལ་བསྐྱོད་མི་ཆོག་པ་དང་ཁ་ཆེའི་གསུང་རབ་ཀཱོ་རེན་སློབ་སྦྱོང་བྱེད་མི་ཆོག་པ། ལོ་ན་༡༦་ཡན་གྱི་མི་རྣམས་ཁ་ཆེའི་ལྷ་ཁང་དུ་བསྐྱོད་པར་ཆོག་མཆན་ཐོབ་པའི་དཔང་ཡིག་དགོས་ཤིང་། ཁ་ཆེའི་ཨ་དཔོན་ལའང་གཞུང་གིས་ངོས་ལེན་ཡོད་པའི་དཔང་ཡིག་དགོས་པ། ཁ་ཆེའི་སྨོན་ལམ་གྱི་དབྱངས་རྟ་འཐེན་རྒྱུ་ཇེ་ཉུང་གཏོང་དགོས་པ་བཅས་ཁ་ཆེའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་བཀག་སྡོམ་བྱེད་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་པ་རེད། ལྷ་མེད་སྨྲ་བའི་གུང་ཁྲན་ཏང་ངམ་དམར་ཤོག་སྲིད་གཞུང་གིས་ཞིན་ཅང་གི་ཡུ་གུར་ཁ་ཆེ་བར་འཛིན་པའི་སྲིད་ཇུས་རྣམས་ས་ཁུལ་གཞན་དུ་ཡོད་པའི་རྒྱ་རིགས་ཁ་ཆེ་བའི་ཐོག་ལ་ལག་བསྟར་བྱེད་བཞིན་ཡོད་པ་འདི་ཁ་ཆེ་ཆོས་ལུགས་གཏན་འགོག་བྱེད་བཞིན་པའི་རྣམ་འགྱུར་ཞིག་ཡིན་པར་ཚོད་དཔག་བཞིན་པའི་སྐོར། ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG