ངོ་འཕྲད་བདེ་བའི་དྲ་འབྲེལ།

ནུབ་རྭའི་དབྱར་ཆོས་མཇུག་སྒྲིལ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ལ་དྭགས་ཀྱི་ས་གནས་ནུབ་རྭར་ཆིབས་སྒྱུར་གནང་སྟེ་ཉི་མ་གསུམ་གྱི་རིང་ལ་གསུང་ཆོས་བཀའ་དྲིན་བསྩལ་ཡོད་ཅིང་། དེ་རིང་ཚེས་༡༧་སྟེ། གཟའ་མིག་དམར་ཉིན་༧གོང་ས་མཆོག་གིས་གསུང་ཆོས་མཇུག་སྡོམ་གྱི་ཚུལ་དུ་མི་མང་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྩལ་རྗེས་ཏེ་ལ་དྭགས་ཀྱི་ནང་པ་ཐུན་མོང་གིས་མགོན་པོ་གང་ཉིད་ལ་བཀའ་དྲིན་བཏང་རགས་ཀྱི་ཚུལ་དུ་བརྟན་བཞུགས་ཤིག་བསྟར་འབུལ་ཞུས་ཡོད་པ་སོགས་ཀྱི་སྐོར། ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG