ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་དཀར་ནག་དང་རྣ་ཐོས་ལའི་འགག་སྒོ།


འདས་པའི་ལོ་ཤས་ཤིག་ནས་བོད་དུ་གནས་སྐོར་ལ་འགྲོ་མཁན་རྒྱ་གར་བ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། རྒྱ་དཀར་ནག་གཉིས་ཀྱིས་གནས་སྐོར་བ་ཚོ་བོད་དང་འབྲས་ལྗོངས་ཀྱི་ས་མཚམས་རྣ་ཐོས་ལའི་ཚོང་ལམ་འགག་སྒོ་བརྒྱུད་ནས་བོད་ལ་འགྲོ་སྐྱོད་བྱེད་ཆོག་པའི་གྲོས་མཐུན་བྱུང་མོད། འོན་ཀྱང་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སུ་དཀའ་རྙོག་འབྱུང་ཐེངས་རེར་གནས་སྐོར་བ་ཚོར་འགྲོ་ལམ་འགོག་གི་ཡོད་པར་མ་ཟད། ད་ལྟ་བསྐྱར་དུ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་བཅས་སུ་གནས་སྐོར་ལ་ཡོང་མཁན་རྒྱ་གར་བ་ཚོར་རྒྱ་ནག་གིས་གཞུང་འབྲེལ་ཐོག་ཏུ་སྣེ་ལེན་བྱ་རྒྱུ་རྩ་འཛུགས་བྱེད་བཞིན་ཡོད་ཅེས་བཤད་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG