ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་སྲིད་ཇུས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སྤྱི་ཟླ་༦་པའི་ཚེས་༢༧་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇེམ་མ་ཊི་སི་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནསརྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕི་ཐུག་འཕྲད་གྲོས་མོལ་བྱས་ཤིང། གྲོས་མོལ་དེའི་སྐབས་སུ་རྒྱ་ནག་གིས་ད་ལྟའི་བར་དུ་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་ཐོག་ཏུ་འཛིན་པའི་ལངས་ཕྱོགས་་གྲོས་མོལ་བྱ་ཐབས་བྱས་ཀྱངཞིས་ཅིན་ཕིང་གིས་ང་ཚོར་རང་གི་ཕ་མེས་ཡང་མེས་ཀྱིས་གནང་བའི་མངའ་ཁོངས་ཀྱི་ས་ཆ་སེན་མོ་ཙམ་ཡང་འཆོར་དུ་འཇུག་རྒྱུ་མིན གཞན་གྱི་རྒྱུ་དངོས་ཁབ་སྐུད་ཙམ་ཡང་ང་ཚོར་དགོས་ཟེར་རྒྱུ་མིན་ཞེས་གླེང་མོལ་བྱས་པ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དུ་ཐོན། ད་ལྟའི་བར་དུ་རྒྱ་ནག་དང་ཨ་རི་ཕྱོགས་གཉིས་ཀྱིས་ལྷོ་རྒྱ་ནགརྒྱ་མཚོའི་ཐོག་ཏུ་མངའ་ཁོངས་རྒྱ་སྐྱེད་དང་དམག་དོན་རྟེན་གཞི་འཛུགས་སྐྲུན་ལ་འགལ་བ་ཆེན་པོ་ཞིག་ཡོད་པསཐེངས་འདིར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་མ་ཊི་སི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་སྐབས་སུ་གནད་དོན་ཆེན་པོ་གཉིས་ལ་དམིགས་བསལ་གྱིས་གྲོས་མོལ་བྱས་པའི་གཅིག་ནི་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་ གནད་དོན་གཞན་པ་དེ་ནི་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་བཅས་ཡིན་ཞིང་། ཨ་རིའི་རྒྱལ་སྲུང་དྲུང་ཆེའི་རྒྱ་ནག་གི་འཚམས་འདྲི་མཇུག་བསྒྲིལ་པའི་རྗེས་སུ་མུ་མཐུད་དུ་ལྷོ་ཀོ་རི་་དང་ཉི་ཉོང་གཉིས་ལ་འཚམས་འདྲིར་ཕེབས་ཡོད་ཅིང་། ཨ་རིའི་མིང་འདོན་མ་བྱས་པའི་དཔོན་རིགས་ཁ་ཤས་ཀྱིས་གསར་འགྱུརགསར་འགོད་པ་ཚོར་བརྗོདགསལ་ལྟར་ན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོར་མངའ་ཁོངས་རྒྱ་སྐྱེད་བྱེད་བཞིན་པར་ཨ་རིའི་ཕྱོགས་ནས་དགག་པ་བརྒྱབ་སྟེ་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་ལ་འཛིན་པའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་པ་སྟེལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འགྲིམ་འགྲུལ་དང་སྐྱེལ་འདྲེན་རང་དབང་དགོས་པ་སོར་གནས་བྱ་དགོས། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱ་དགོས་ཞེས་བརྗོད་སྐད། རྒྱལ་སྲུང་དྲུང་ཆེ་མ་ཊི་སི་ཡིས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དང་དམག་དཔོན་ཁག་ཅིག་ལ་ཐུག་འཕྲད་ཀྱིས་སྤྱི་ལོ་༢༠༡༥་ལོར་སྲིད་འཛིན་ཞིས་ཅིན་ཕིཨ་རིའི་ཕོབྲང་དཀར་པོར་འཚམས་འདྲིར་ཕེབས་པའི་དུས་སུ་མ་འོངས་ར་རྒྱ་ནག་གིས་ལྷོ་རྒྱ་ནག་དེ་ཉིད་དམག་དོན་ལྟེ་གནས་ཤིག་ཏུ་གཏན་ནས་བསྒྱུར་འདོདམེད་ཅེས་ཁས་ལེན་བྱས་པ་ནན་བརྗོད་བྱས་པར་མ་ཟད། གཞན་ཡང་ཨ་རིའི་རྒྱལ་སྲུང་དྲུང་ཆེ་མ་ཊི་སི་ཟླ་བ་འདིར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སེངྒ་པུར་དུ་ཚོགས་པའི་རྒྱལ་སྤྱིའི་བདེ་འཇགས་ཚོགས་འདུ་ཞིག་ལ་ཕེབས་ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་ཅིག་གི་སྟེང་དུ་མཁར་རྒོལ་འཕུར་མདའ་འཛུག་བཞིན་པ་ནི་འཇིགས་སྐུལ་གྱི་བྱ་སྤྱོད་ཅིག་ཡིན་ཞེས་བརྗོ། ཐེ་ཝན་དང་ཝི་ཏེ་ནམཧྥི་ལི་ཕིན་སོགས་ཀྱིས་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་ཅིག་གི་བདག་དབང་རྩོད་ཀྱི་ཡོད་ཅིང་། དེང་སྐབས་སྤྱིའི་ཆ་ནས་བཤད་ན་ཨ་རི་དང་རྒྱ་ནག་གཉིས་སྒོ་ཁྲལ་སྤར་རེས་བྱས་ནས་ཚོང་ལས་འགལ་ཟླ་ཛ་དྲག་ཅན་ཞིག་གི་གནས་སུ་ལྷུང་སྟེ་རྒྱལ་ཁབ་གཉིས་ཀས་ཚོང་དམག་རྒྱག་མི་དགོས་པའིའབད་བརྩོན་བྱེད་བཞིན་པའི་དུས་སྐབས་ཤིག་ཡིན། ཐེངས་འདིར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་རྒྱ་ནག་ཕེབས་པའི་སྐབས་ཀྱི་བགྲོ་གླེང་གི་ནང་དོན་གཙོ་བོ་ནི་ཚོང་དོན་མ་ཡིན་པར་གཙོ་ཆེ་བ་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་གནད་དོན་ཐད་དུ་གཉིས་ཕན་གྱི་ལམ་ཁ་ཞིག་འཚོལ་རྒྱུ། རྒྱལ་ཁབ་གཉིས་ཀར་དམག་འཁྲུག་སོགས་ཀྱི་གདོང་གཏུག་མི་འབྱུངབའི་ཆེད་དུ་གྲོས་མོལ་བྱས་འདུག ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཞིས་ཅིན་ཕིང་ལ་ཐུག་འཕྲད་སྐབས་སུ་རྒྱ་ནག་དང་ཨ་རིའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་ཡིན་པས་ང་རང་འདིར་ཡོང་དོན་ཡང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་རྒྱུན་ལྡན་གྱི་ལམ་ཁ་ཞིག་ལ་འགྲོ་ཐུབ་པར་འགན་སྲུང་ཡོང་བའི་ཆེད་དུ་ཡིན་ཞེས་བཤད གཞན་ཡང་ཐེངས་འདིའི་གྲོས་མོལ་གྱི་སྐབས་སུ་བྱང་ཀོ་རི་ཡ་དང་ཨ་རིས་གྲོས་མོལ་བྱས་ནས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོརྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཨབ་གྷ་ཎི་སི་ཐན་ལ་ཞི་བདེ་བསྐྲུན་རྒྱུ་བཅསགནད་དོན་སྣ་མང་ཞིག་ལ་གྲོས་མོལ་བྱས་པ་རེད་ཅེས་བརྒྱུད་ལམ་ཁག་ཏུ་ཐོན་འདུག

XS
SM
MD
LG