ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀེ་ན་ཊའི་གྲོས་ཚོགས་སུ་བོད་ཕྲུག་ན་གཞོན་གསུམ་གྱི་ལས་སྦྱོང་།


༄༅།།ཀེ་ན་ཊའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཚོགས་པས་ལོ་ལྟར་དབྱར་ཁའི་དུས་སུ་ཀེ་ན་ཊའི་ནང་གནས་འཁོད་བོད་ཕྲུག་ན་གཞོན་ཁག་གཅིག་ལ་ཡུལ་དེའི་གྲོས་ཚོགས་ནང་གཟའ་འཁོར་བདུན་ཙམ་གྱི་རིང་ལས་སྦྱོང་བྱ་རྒྱུའི་གོ་སྐབས་གནང་བཞིན་པ་ལྟར། ད་ལོར་བོད་ཕྲུག་ན་གཞོན་དྲུག་གིས་གྲོས་ཚོགས་སུ་ལས་སྦྱོང་བྱས་ཡོད། གཟའ་འཁོར་འདིའི་བགྲོ་གླེང་མདུན་ཅོག་ལས་རིམ་ནང་། ཀེ་ན་ཊའི་གྲོས་ཚོགས་ནང་ལས་སྦྱོང་གནང་མྱོང་མཁན་བོད་ཕྲུག་ན་གཞོན་འཇམ་དབྱངས་སྒྲོལ་དཀར་ལགས་དང། རྡོ་རྗེ་རྒྱ་མཚན་ལགས། དེ་བཞིན་བློ་བཟང་སྒྲོལ་དཀར་ལགས་གསུམ་ལ་ལས་སྦྱོང་གྱི་ཉམས་མྱོང་དང་ཕན་ཐོགས་སོགས་ཀྱི་ཐད་བཀའ་མོལ་ཞུས་པ་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG