ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན།


ཨ་མི་རི་ཀ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་ཚོགས་མིའི་གྲས་ནས་ཕྱིར་འཐེན་གནང་བ་དེའི་ཐད་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་དང་རྒྱལ་ཁབ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་ཀྱིས་བློ་ཕམ་གནང་བཞིན་ཡོད་མོད། ཡིན་ནའང་ཨ་མི་རི་ཀས་རྒྱལ་སྤྱིའི་ལྷན་ཚོགས་དེར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་ཝྭེ་ནེ་ཛུ་ལ་དང་རྒྱ་ནག ཀུ་པ། ཀོང་གོ་སྤྱི་མཐུན་རྒྱལ་ཁབ་ལྟ་བུའི་ཚོགས་འཐུས་རྒྱལ་ཁབ་ཁག་ཡོད་པར་མ་ཟད། ཨི་སི་རལ་ལ་དྲང་བདེན་མིན་པའི་སྐྱོན་བརྗོད་བྱེད་ཕྱོགས་ཀྱིས་ལྷན་ཚོགས་དེ་ཉིད་མིང་དོན་མཚུངས་པ་ཞིག་མིན་པའི་འགྲེལ་བརྗོད་གནང་གི་ཡོད་ཅིང་། ཨ་རིའི་གནང་ཕྱོགས་དེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་བྱེད་ཕྱོགས་སུ་འགྱུར་བ་འགྲོ་སྲིད་མིན་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ལ་བཅར་འདྲི་ཞུས་པ་སོགས་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG