ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་འཛིན་ཌོམ་དང་གྲོས་ཚོགས་འཐུས་མི་ཚོའི་གྲོས་མོལ།


ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁྲིམས་འགལ་དུ་ཨ་མི་རི་ཀར་སྐྱབས་བཅོལ་དུ་ཡོང་མཁན་ཚོ་འཛིན་བཟུང་བྱེད་པའི་སྲིད་ཇུས་དེ་ཉིད་འགྲེལ་བརྗོད་བྱེད་པའི་ཆེད་དུ་སང་ཉིན་གྲོས་ཚོགས་འོག་མའི་སྤྱི་མཐུན་སྲིད་དོན་ཚོགས་པའི་འཐུས་མི་ཚོར་བཀའ་མོལ་གནང་འཆར་ཡོད་ཅིང་། འདི་ནི་གཟའ་འཁོར་འདིའི་ནང་དུ་ཨ་རིའི་གྲོས་ཚོགས་འོག་མར་ཕྱི་མི་གནས་སྤོར་བའི་སྐོར་གྱི་ཁྲིམས་གཞི་གཉིས་ལ་འོས་ཤོག་འཕེན་རྒྱུའི་སྔོན་ལ་འབྱུང་གི་ཡོད་པ་དང་། སྲིད་འཛིན་ཊོམ་གྱིས་མེཀ་སི་ཀོའི་ས་མཚམས་སན་ཨ་མི་རི་ཀར་ཁྲིམས་འགལ་གྱི་ཕྱི་མི་སྐྱབས་བཅོལ་བ་ཡོང་མཁན་ཚོ་འཛིན་བཟུང་བྱེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་བཞིན་པ་དེས་ཕྲུ་གུ་སྟོང་ཕྲག་གཉིས་ཙམ་ཞིག་ཕ་མ་དང་ཁ་བྲལ་བཏང་ཡོད་པས་ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་གཉིས་ཀས་སྐྱོན་བརྗོད་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG