ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཀྱིས་སྐྱོན་བརྗོད།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་སྤྱི་ཁྱབ་ཀྱིས་ཨ་མི་རི་ཀའི་གཞུང་གི་ཕྱི་མི་གཞིས་ཆགས་ཀྱི་སྲིད་བྱུས་དང་ རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་གི་ནང་འཛིན་བཞིན་པའི་སྲིད་བྱུས་བཅས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད་ དེ་ཡང་རེས་གཟའ་ཟླ་བའི་ཉིན་ སྐུ་ཞབས་ཛེད་ རདྷ་ ཨཱལ་ཧུ་སེན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་གསུང་བཤད་ཅིག་གནང་ཡོད་པ་དེའི་ནང་ཁོང་གིས་ ཨ་མི་རི་ཀའི་སྲིད་འཛིན་ཊི་རམ་ཆབ་སྲིད་འཛིན་སྐྱོང་ཁང་གིས་ཁྲིམས་མཐུན་ལག་འཁྱེར་མེད་པར་ཨ་མི་རི་ཀའི་ནང་ཡོང་མཁན་ཕྱི་མི་བཀག་འགོག་བྱ་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་དེའི་འོག་ཏུ་ ཕྲུ་གུ་དང་ཕ་མ་བཙན་བཤེད་ཀྱིས་ཁ་བྲལ་གཏོང་གི་ཡོད་པ་དེ་ནི་ མི་སྤྱོད་ལས་འདས་པའི་བྱ་སྤྱོད་གདུག་རྩུབ་ཅན་ཞིག་རེད་ཅེས་སྐྱོན་བརྗོད་གནང་སྟེ་ སྲིད་བྱུས་དེ་ཕྲལ་དུ་མཚམས་འཇོག་དགོས་པ་ཡིན་ཞེས་གསུངས་ཡོད་པ་རེད་ དེ་དང་ཕྱོགས་མཚུངས་ རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་གི་ནང་འཛིན་བཞིན་པའི་སྲིད་བྱུས་ལ་བརྟེན་ནས་ བོད་དང་ཤིང་ཅང་གི་གནས་སྟངས་ ཇེ་ཞན་ཇེ་སྡུག་ཏུ་འགྲོ་ཚབས་ཆེ་ལ་ མྱུར་བ་ཡོད་པ་འཐེར་འདོན་གནང་སྟེ་ དེའི་ཐད་བློ་འཚབ་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཀྱིས་སྐྱོན་བརྗོད།
please wait

No media source currently available

0:00 0:04:10 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG