ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་གི་ལ་ཊི་ཝྭི་ཡར་ཆིབས་སྒྱུར།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ཝེ་ཎི་ཡར་ཆིབས་བསྒྱུར་བསྐྱངས་ནས་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་སྤྱི་ཚེས་༡༥་ཉིན་༧གོང་ས་མཆོག་སྟོན་འཁོར་རྣམས་ལི་ཐུ་ཝེ་ཎི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ལ་ཊི་ཝྭི་ཡའི་རྒྱལ་ས་རི་གྷ་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་ཡོད་ཅིང་། ཨུ་རུ་སུའི་རྒྱལ་ས་མོ་སོ་ཀོར་བཅའ་སྡོད་བོད་ཀྱི་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས་སང་ཉིན་སྤྱི་ཚེས་༡༦་ནས་༧གོང་ས་མཆོག་གིས་རྟེན་འབྲེལ་བསྟོད་པ་དང་རྡོ་རྗེ་གཅོད་པའི་བཀའ་ཁྲིད་གནང་རྒྱུ་ཡིན་པར་མ་ཟད། འཇམ་དབྱངས་དཀར་པོའི་རྗེས་གནང་དང་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་ཡང་གནང་རྒྱུའི་མཛད་འཆར་ཁག་གོ་སྒྲིག་ཞུས་ཏེ། ཐེངས་འདིའི་གསུང་ཆོས་ཞུ་མཁན་མང་ཆེ་བ་ནི་ཨུ་རུ་སུའི་མངའ་ཁོངས་སུ་གཏོགས་པའི་ཁལ་མུག་དང་བྷུ་རི་ཡ་ཐེ། ཐུ་ཝྭ་བཅས་ནང་པའི་སྤྱི་མཐུན་སྤྱི་མཐུན་ས་གནས་ཁག་གི་དད་ལྡན་ཡུལ་མི་རྣམས་ཡིན་ཞིང་། ད་དུང་ལ་ཊི་ཝྭི་ཡར་ཚུགས་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་ཚོགས་མི་རྣམས་ཀྱང་༧གོང་ས་མཆོག་གི་གསུང་མཁན་ཆོས་ཞུ་རུ་བཅར་གྱི་ཡོད་པ་དང་། སྤྱི་ཚེས་༡༨་ཉིན་༧གོང་ས་མཆོག་གི་ལ་ཊི་ཝྭི་ཡའི་མཛད་འཕྲིན་ཁག་འགྲུབ་ནས་རྒྱ་གར་ལ་ཆིབས་ཞལ་བསྒྱུར་གྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG