ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིར་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་སྤྱི་ཟླ་༦་པའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་འཛིན་ཚོགས་ཆུང་གིས་རྒྱ་ནག་དམར་ཕྱོགས་གཞུང་གིས་ཨ་རིའི་རིག་གཞུང་ཞིབ་འཇུག་སྡེ་ཚན་ཁག་བརྒྱུད་ནས་ཨ་མི་རི་ཀའི་ཆབ་སྲིད་ནང་དུ་སིམ་འཛུལ་བྱེད་ཀྱི་ཡོད་པའི་ཉན་ཞིབ་ཚོགས་འདུ་ཞིག་ཚོགས་ཏེ། ཉན་ཞིབ་ཚོགས་འདུའི་སྟེང་དུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རུ་བྷོས་ཨ་རིའི་སློབ་ཆེན་ཁག་ཏུ་ཚུགས་ཡོད་པའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཡོངས་སུ་རྫོགས་པ་སྒོ་རྒྱག་དགོས། ཨ་རིའི་སློབ་ཆེན་ཁག་གིས་ཁུང་ཙིའི་སློབ་གླིང་ལ་མཉམ་འབྲེལ་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་རེ་འདུན་བཏོན་འདུག ཨ་རིའི་གྲོས་ཚོགས་གོང་མས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་དམར་ཕྱོགས་གཞུང་གི་བཀོད་འདོམས་ལྟར་ཁུང་ཙིའི་སློབ་གླིང་ཁག་གིས་ཨ་རིའི་སློབ་ཆེན་ཁག་གི་རིག་གཞུང་ཞིབ་འཇུག་གི་རང་དབང་ལ་དོ་ཕོག་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་པ་རྣམས་མཉམ་འབྲེལ་གསར་འགྱུར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་ཡོད་པར་མ་ཟད། ཉེ་བའི་ལོ་ཤས་སྔོན་ནས་ཨ་རི་དང་ཨོ་གླིང་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ནི་རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རང་དབང་དང་དམངས་གཙོ། གུ་ཡངས་ཀྱི་འགྲོ་ལུགས་ཁག་གི་གོ་སྐབས་བཟུང་སྟེ། རིག་གཞུང་ཞིབ་འཇུག་གི་སྡེ་ཚན་དང་བརྡ་འཕྲིན་འཕྲུལ་རིག་གི་ལག་རྩལ་བརྒྱུད་ནས་ནུབ་ཕྱོགས་རྒྱལ་ཁབ་དེ་དག་གི་ཆབ་སྲིད་ལ་སིམ་འཛུལ་བྱས་ནས་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་ཅིང་། དེའི་གྲས་ཀྱི་རིགས་གཅིག་ནི་ནུབ་ཕྱོགས་ཀྱི་སློབ་ཆེན་ཁག་ཏུ་བཙུགས་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་རེད། སྤྱི་ལོ་༢༠༠༤་ནས་འགོ་བཙུགས་ཏེ་རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བར་ཁུང་ཙིའི་སློབ་གླིང་༥༠༠་དང་སློབ་ཁང་༡༠༠༠་ལྷག་བཙུགས་ཡོད་པ་སྟེ། ཨ་རི་གཅིག་པུར་སློབ་གླིང་༡༠༣་དང་སློབ་ཁང་༥༠༡་བཙུགས་ཡོད་པ་རེད། ཉེ་བའི་ལོ་ཤས་སྔོན་ནས་བཟུང་སྟེ་ཨ་མི་རི་ཀ་བ་ཚོས་རྒྱའི་སྐད་ཡིག་དང་རིག་གནས་སློབ་སྦྱོང་བྱ་ཡུལ་ལ་ཁ་གཡར་པའི་ཁུང་ཙིའི་སློབ་གླིང་ཁག་ནི་དོན་དངོས་སུ་ཨ་རིའི་ཆབ་སྲིད་ལ་རྒྱ་ནག་སིམ་འཛུལ་དང་གསང་ཉུལ་གྱི་ལས་ཀ་བྱ་ཡུལ་སྒྲིག་འཛུགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཨ་རིའི་གྲོས་ཚོགས་གོང་མིའི་འཐུས་མི་མར་ཀོ་རུ་བྷོས་དེ་སྔོན་རང་གི་ས་གམས་ཧྥུ་ལོ་རི་ཌ་མངའ་སྡེའི་ནང་དུ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་བཙུགས་ཡོད་པའི་སློབ་ཆེན་ཁག་ཏུ་འཕྲིན་ཡིག་བཏང་སྟེ། སློབ་གླིང་འདི་དག་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡིན། སློབ་གླིང་འདི་དག་གི་ནང་དུ་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སྐོར་དང་བོད་དོན། ཐེ་ཝན་སོགས་ཀྱི་གནད་དོན་ཁག་གླེང་སློང་བྱེད་མི་ཆོག་ཅིང་། གལ་ཏེ་གླེང་སློང་བྱེད་ཆོག་པའི་དབང་དུ་བཏང་རུང་རྒྱ་ནག་གཞུང་གི་སྲིད་ཇུས་དང་མཐུན་དགོས་པར་བརྗོད་དགོས་པ་སོགས་ཀྱི་རྒྱུ་མཚན་བགྲངས་ནས་ཨ་རིའི་ཧྥུ་ལོ་རི་ཌ་བཅས་མངའ་སྡེ་རེ་ཟུང་ཞིག་གིས་ཁུང་ཙིའི་སློབ་གླིང་གསུམ་སྒོ་བརྒྱབ་ཟིན། གཞན་ཡང་ཉེ་ཆར་གྱི་ཉན་ཞིབ་ཚོགས་འདུའི་ཐོག་ཏུ་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་ཀོར་ནིན་གྱིས་རྒྱ་ནག་གི་སུམ་འཛུལ་བྱེད་སྟངས་གསང་ཉུལ་བའི་གནས་སྟངས་བྲིས་པའི་རྟོག་སྒྲུང་གི་ནང་དུ་མ་གཏོགས་མེད་མོད། ད་ལྟ་དངོས་སུ་ང་ཚོའི་འཚོ་བའི་ནང་འབྱུང་བཞིན་ཡོད། ད་སྔ་ཨ་རིར་རྒྱ་ནག་ནས་ཡོང་བའི་ཕྱི་འགྲིམ་སློབ་མ་འབུམ་གསུམ་དང་ཁྲི་ལྔ་ཡོད་པ་རྣམས་འཛམ་གླིང་རྒྱལ་ཁབ་གཞན་པ་ཀུན་ལས་མང་ཤོས་རེད། རྒྱ་གར་གྱི་ཕྱི་འགྲིམ་སློབ་མའི་གྲངས་ཀ་ཡང་ཧ་ཅང་མང་པོ་རེད། ཡིན་ནའང་རྒྱ་གར་དང་རྒྱ་ནག་གཉིས་རིགས་འདྲ་མིན། རྒྱ་གར་ནི་ཆབ་སྲིད་ལམ་ལུགས་སྒེར་གཅོད་ཀྱི་རྒྱལ་ཁབ་ཅིག་མིན། རྒྱ་གར་ནི་དམངས་གཙོ་དང་ཁྲིམས་སྐྱོང་གི་སྲོལ་རྒྱུན་ལྡན་པའི་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་རེད་ཅེས་བརྗོད་འདུག ཨ་རིས་གསང་ཉུང་གྱི་དོགས་པ་བྱ་ཡུལ་གནས་ཚུལ་གཞན་ཞིག་ནི་ཨ་རིར་ཡོད་པའི་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་ལ་ལོགས་པའི་འཕྲུལ་རིག་ལག་རྩལ་སྐོར་དང་། ངོ་དེབ་དང་གུ་གུལ་སོགས་ཀྱིས་རྒྱ་ནག་ལ་མཉམ་འབྲེལ་ཚོང་གཉེར་བཞིན་ཡོད་པ་བཅས་ལ་དོགས་སློང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG