ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙོན་གྲོལ་ཐོབ་པའི་ཨ་རི་བ་རྣམས་རང་ཡུལ་དུ་འབྱོར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། བྱང་ཀོ་རི་ཡའི་གཞུང་གིས་ལོ་གཅིག་དང་ཕྱེད་ཀ་ནས་ལོ་གཉིས་དང་ཕྱེད་ཀ་ཡས་མས་སུ་བཙོན་འཇུག་བྱས་པའི་ཨ་མི་རི་ཀའི་སྤྱི་དམངས་གསུམ་གློད་གྲོལ་བཏང་སྟེ། ད་ནངས་ནམ་སྟོད་དུ་སྲིད་འཛིན་ཌོ་ནལ་ཊོམ་གཏན་ཞལ་གཉིས་གནམ་ཐང་དུ་ཕེབས་ནས་ཀོ་རི་ཡའི་མི་རིགས་ཡིན་པའི་ཨ་མི་རི་ཀ་བ་དེ་ཚོར་བསུ་བ་ཞུས། བྱང་ཀོ་རི་ཡའི་བཙོན་ཁང་ནས་གློད་གྲོལ་ཐོབ་པའི་ཨ་མི་རི་ཀ་བ་དེ་དག་གིས་ཨ་མི་རི་ཀ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ལ་བཀའ་དྲིན་ཆེ། སྲིད་འཛིན་ཌོ་ནལ་ཊོམ་ལ་བཀའ་དྲིན་ཆེ། ཨ་རིའི་ཕྱི་སྲིད་དྲུང་ཆེར་བཀའ་དྲིན་ཆེ། ང་ཚོ་བཙོན་ཁང་ནས་ཐར་ཏེ་རང་ཡུལ་ལ་ཕྱིར་ལོག་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསར་འགོད་གསལ་བསྒྲགས་སྤེལ། སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཨ་མི་རི་ཀའི་སྤྱི་དམངས་དེ་དག་གློད་གྲོལ་བཏང་བར་རྗེས་སུ་ཡི་རང་ཡོད། ང་ཚོས་བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀའི་སྤྱི་དམངས་འདི་རྣམས་གློད་གྲོལ་གཏོང་གི་མ་རེད་བསམས་བྱུང་། ཡིན་ནའང་ཁོ་ཚོ་གློད་གྲོལ་བཏང་བ་རེད། དེར་བརྟེན་ང་ཚོས་གོམ་སྟབས་གསར་པ་ཞིག་འགོ་འཛུགས་བྱ་རྒྱུ་སྟབས་བདེ་རུ་སོང་ཡོད། ཀིམ་ཇུང་ཨུན་གྱིས་ཨ་མི་རི་ཀ་བ་འདི་རྣམས་གློད་གྲོལ་བཏང་བ་ཧ་ཅང་ཡག་པོ་བྱུང་སོང་། ང་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པར་རེ་ལྟོས་ཆེན་པོ་ཡོད་ཅེས་གསར་འགོད་པ་ཚོར་གཏམ་བཤད་བྱས་འདུག ༢༠༡༧་ལོར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་ལན་མང་བྱས་ནས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱིས་བྱང་ཀོ་རི་ཡར་དམག་བརྒྱབ་ནས་ཀོ་རི་ཡའི་གླིང་ཟུར་ལ་དམག་འཁྲུག་ཆེན་པོ་ཞིག་ལང་རྒྱུའི་ཉེན་ཀ་བྱུང་ཞིང་། ད་ལོའི་ཕྱི་ཟླ་༢་པར་ལྷོ་ཀོ་རི་ཡར་འཚོགས་པའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་དུས་སུ་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་སོང་སྟེ། ཕྱི་ཟླ་༤་པའི་ཟླ་མཇུག་དེར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱུང་བ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་ཡང་རེ་ཞིག་མཚམས་བཞག ཞི་བའི་གྲོས་མོལ་གྱི་དུས་སུ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་ཕྱོགས་གང་ཐད་དུ་བཟང་ཕྱོགས་ཀྱི་ཆ་རྐྱེན་ཁག་ཅིག་འཛོམས་པས་ཟླ་བ་འདིའི་ཟླ་མཇུག་གམ། ཡང་ན་ཕྱི་ཟླ་༦་ཚེས་ཤར་ཡས་མས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཅིང་། ཨ་རིའི་གཞུང་དང་བྱང་ཀོ་རི་ཡ་གཉིས་ཀས་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཐུག་འཕྲད་གྲོས་མོལ་ས་གནས་གང་དུ་བྱ་འཆར་ཡོད་མེད་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་ཉམས་ཞིབ་པ་ཕལ་ཆེ་བས་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་སིང་ག་པུར་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་ལོ་རྒྱུས་སུ་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་ཐེངས་དང་པོ་ཡིན་པ་མ་ཟད། ཨ་མི་རི་ཀས་སྲིད་འཛིན་ཞིག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ལ་ཐུག་འཕྲད་བྱས་ཚེ། ཨ་མི་རི་ཀས་བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་ངོས་ལེན་བྱས་པའི་མཚོན་དོན་ཞིག་ཡོད་པ་དང་། ལྷག་པར་དུ་ད་ལོ་ལྷོ་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རིམ་པས་ཐུག་འཕྲད་གྲོས་མོལ་བྱ་དགོས་པའི་སྐུལ་ལྕག་བཏང་སྟེ། ཨ་མི་རི་ཀའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་གྲོས་མོལ་བྱ་མི་ཐུབ་པའི་འགོག་རྐྱེན་ཆེན་པོ་ཞིག་མེད་པར་གྱུར་པ་དང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ང་ཚོས་དོན་དག་ཆེན་པོ་ཞིག་འགྲུབ་ཐུབ་པའི་རེ་བ་ཡོད་སྲིད། གལ་སྲིད་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་ཐུབ་ན་ངའི་བྱས་རྗེས་དང་གྲུབ་འབྲས་ཆེ་ཤོས་སུ་བརྩི་ཆོག་ཅེས་བཤད་འདུག བྱང་ཀོ་རི་ཡའི་གཞུང་གིས་གློད་གྲོལ་བཏང་བའི་ཨ་མི་རི་ཀ་བ་དེ་རྣམས་༢༠༡༥་ནས་༢༠༡༦་བར་དུ་བྱང་ཀོ་རི་ཡར་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བྱེད་དུ་བསྐྱོད། ཁོ་ཚོར་བྱང་ཀོ་རི་ཡའི་གཞུང་གིས་སོ་མྱུལ་དང་བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་རྒྱུའི་ངན་ཇུས་བཤམས་པའི་ནག་ཉེས་བཙུགས་ནས་ལོ་བཅུ་རེའི་ངལ་རྩོལ་སྒྱུར་བཀོད་བཙོན་འཇུག་གི་ཁྲིམས་ཐག་བཅད། བྱང་ཀོ་རི་ཡའི་བཙོན་ཁང་དུ་ཨ་མི་རི་ཀ་བ་དེ་དག་གིས་ངལ་རྩོལ་སྒྱུར་བཀོད་དང་འཚོ་བའི་དཀའ་ངལ་སོགས་ལ་གདོང་ལེན་བྱ་དགོས་ཐུག་མོད། འོན་ཀྱང་ཁོ་ཚོར་ན་ཚ་བྱུང་དུས་བྱང་ཀོ་རི་ཡའི་གཞུང་གིས་སྨན་བཅོས་བྱས་སོང་ཞེས་ཀིམ་ཏུང་ཆུལ་གྱིས་བཤད་ཡོད་པ་དང་། ད་ལྟ་ལྷོ་ཀོ་རི་ཡའི་གཞུང་གིས་ཀྱང་བྱང་ཀོ་རི་ཡས་བཙོན་འཇུག་བྱས་ཡོད་པའི་ལྷོ་ཀོ་རི་ཡའི་སྤྱི་དམངས་༦་གློད་གྲོལ་གཏོང་དགོས་ཟེར་གྱི་ཡོད་པ་རེད།།

XS
SM
MD
LG