ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཟེར་པའི་འཐུས་མི་ཁག་ཅིག་གིས་ཁ་སང་རེས་གཟའ་མིག་དམར་ཉིན་ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་དུ་ད་ལྟའི་བོད་ཀྱི་ཡར་རྒྱས་དང་འགྱུར་ལྡོག གང་ཅིའི་གནས་སྟངས་བཅས་ལ་གཏམ་བཤད་བྱས་ཡོད་ཅིང་། སྐབས་དེར་ཁེ་ནེ་ཌའི་གྲོས་ཚོགས་འཐུས་མི་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་སོགས་ལ་འདྲི་རྩེད་བྱས་ཏེ། ཚོགས་གཙོ་པད་དབང་འདུས་ཀྱིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གི་སྤྱི་དམངས་འདྲ་མཚུངས་ལྟར་སྐུ་ཁམས་གསལ་ཐང་དང་མཐོ་རིམ་གྲྭ་ཐོན་ཟིན་ལུགས་བརྗོད་ཡོད་པ་བཅས་ཀྱི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།།

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བོད་དུ་བཞུགས་ཡོད་སྐད།
please wait

No media source currently available

0:00 0:06:37 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG