ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལེའུ་ཞ་བཟང་བཙོན་འོག་ཏུ་འཆི་རྒྱུའི་གྲ་སྒྲིག་ཡོད་སྐད།


རྒྱ་ནག་གཞུང་གི་བཙོན་འོག་ཏུ་འདས་གྲོངས་སུ་གྱུར་པའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལེའུ་ཞའོ་པོ་འདས་པོ་དེ་ཉིད་ཀྱི་ཆུང་མ་ལེའུ་ཞ་ལ་ལུས་སེམས་གཉིས་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ལེའུ་ཞ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་གཏོང་དགོས་པའི་འབོད་སྐུལ་ལན་མང་ཞུས་པར་ཡ་ལན་སྤྲོད་ཀྱི་མེད་པས་གཟའ་འཁོར་འདིའི་ནང་དུ་ལེའུ་ཞ་ཡིས་རང་ཉིད་ཕྱི་ལ་མ་ཐར་ན་ངོ་རྒོལ་བྱས་ནས་བཟང་བཙོན་འོག་ཏུ་འཆི་རྒྱུའི་གྲ་སྒྲིག་ཡོད་ཅེས་ངུ་འབོད་བྱས་ཡོད་པ་འཇར་མན་ཎིར་གནས་སྡོད་ལེའུ་ཞའོ་པོ་འདས་པོའི་གྲོགས་པ་དང་རྒྱ་ནག་གཞུང་དང་ལྟ་བ་ཐ་དད་པའི་རྩོམ་པ་པོ་ལེའུ་དབྱིད་ཝུ་ཡིས་དྲ་ཐོག་ལ་གནས་ཚུལ་ཞིག་སྤེལ་ཡོད་པ་དེར་ཕྱིའི་གསར་འགྱུར་ལས་ཁང་ཁག་གིས་དོ་སྣང་བྱེད་བཞིན་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG