ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་དང་ཉི་ཧོང་གི་དམག་དོན་འགྲོ་གྲོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། སྔ་ལོ་རྒྱ་གར་གྱི་དམག་དོན་འགྲོ་གྲོན་བརྒྱ་ཆ་༥་དང་གྲངས་ཆུང་༥་འམ། ཡང་ན་ཨ་སྒོར་ཐེར་འབུམ་ཆེན་མོ་༦༤་མ་ཟིན་ཙམ་ཞིག་དམག་དོན་ལ་འགྲོ་གྲོན་བཏང་སྟེ། རྒྱ་གར་གྱི་དམག་དོན་འགྲོ་གྲོན་ནི་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་དམག་དོན་ལས་ཀྱང་བརྒལ་བ་དང་། ད་ལྟ་རྒྱ་གར་འཛམ་གླིང་གི་དམག་དོན་འགྲོ་གྲོན་མང་ཤོས་གཏོང་མཁན་རྒྱལ་ཁབ་ལྔའི་གྲས་སུ་ཚུད་ཅིང་། འཛམ་གླིང་གི་དམག་དོན་འགྲོ་གྲོན་མང་ཤོས་གཏོང་རྒྱལ་ཁབ་གཞན་པ་བཞི་ནི་ཨ་མི་རི་ཀ་དང་རྒྱ་ནག སོ་ཌི་ཨ་རེ་བྷི་ཡ་དང་ཨུ་རུ་སུ་བཅས་ཡིན། རྒྱ་གར་ལ་ནུབ་ཕྱོགས་སུ་པ་ཀི་སི་ཐན་དང་བྱང་ཤར་ཕྱོགས་སུ་རྒྱ་ནག་གི་ཉེན་ཀ་འབྱུང་གི་ཡོད་པས་ལྡི་ལི་གསར་པའི་དབང་འཛིན་པ་ཚོས་རྒྱ་གར་གྱི་དམག་དཔུང་དེང་རབས་ཅན་དུ་བསྒྱུར་ནས་འཐབ་འཁྲུག་གི་ནུས་པ་ཆེ་རུ་གཏོང་བར་དམག་དོན་འགྲོ་གྲོན་འཕར་སྣོན་གཏོང་དགོས་ཐུག་ཡོད། ཡུ་རོབ་རྒྱལ་ཁབ་སུད་ཌེན་གྱི་རྒྱལ་ས་སི་ཊོཀ་ཧོམ་གྲོང་ཁྱེར་དུ་ཚུགས་ཡོད་པའི་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་སེ་མོན་ཝེ་ཛི་མན་གྱིས་བརྗོད་དོན། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མི་མཐུན་པའི་འགལ་ཟླ་ཡོད་པས་རྒྱ་ནག་གི་དམག་དོན་འགྲོ་གྲོན་ལོ་རེ་བཞིན་སྤར་དགོས་ཐུག་གི་ཡོད། ༢༠༡༧་ལོར་ཨ་མི་རི་ཀས་ཨ་སྒོར་ཁྲག་ཁྲིག་༦་དང་ཐེར་འབུམ་ཆེན་པོ་༡་དམག་དོན་ཆེད་དུ་འགྲོ་གྲོན་བཏང་ཡོད་པ་མ་ཟད། རྒྱ་ནག་གིས་ཀྱང་ཨ་སྒོར་ཁྲག་ཁྲིག་༢་དང་ཐེར་འབུམ་ཆེན་མོ་༢༨་དམག་དོན་ལ་འགྲོ་གྲོན་བཏང་ཡོད་པ་དང་། རྒྱ་གར་གྱི་དམག་དོན་འགྲོ་གྲོན་ལྡབ་གསུམ་དང་ཕྱེད་ཀ་ལྷག་རྒྱ་ནག་གི་དམག་དོན་ལ་འགྲོ་གྲོན་གཏོང་གི་འདུག ༢༠༡༨་ལོར་རྒྱ་ནག་གི་དམག་དོན་འགྲོ་གྲོན་བརྒྱ་ཆ་༨་དང་གྲངས་ཉུང་༡་སྤར་ཡོད་ཅེས་བཤད་ཡོད་པ་རེད། སྔ་ལོ་རྒྱ་དཀར་ནག་གཉིས་ལ་འབྲོག་ལམ་ས་ཁུལ་དུ་ཉི་མ་༧༢་ཀྱི་རིང་དུ་དམག་འཁྲུག་གི་ཛ་དྲག་བྱུང་ནས་བཟུང་། རྒྱ་གར་གྱི་དམག་དོན་འགྲོ་གྲོན་མང་དུ་གཏོང་དགོས་ཐུག་པ་མ་ཟད། ན་ནིང་ལོ་མཇུག་དང་བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་རྒྱ་དཀར་ནག་གི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས། བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་གཉིས་ལ་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་སེལ་ཐབས་བྱ་རྒྱུ། རྒྱ་དཀར་ནག་གཉིས་ཀས་ས་མཚམས་སུ་འགྲེམ་འཇོག་བྱེད་ཡོད་པའི་དམག་དཔུང་རྣམས་ཕྱིར་འཐེན་བྱ་དགོས་པའི་འབད་བརྩོན་བྱས་རུང་ལོ་འདིའི་ཕྱི་ཟླ་དང་པོའི་ནང་དུ་ཨ་མི་རི་ཀའི་ས་བབ་ཆབ་སྲིད་རྟོག་ཞིབ་ཁང་གིས་བརྙན་པར་བླངས་པ་དེར་གསལ་བ་ལྟར་ན་རྒྱ་དཀར་ནག་གཉིས་ཀས་འབྲོག་ལམ་ས་ཁུལ་དུ་དམག་དཔུང་འགྲེམ་འཇོག་བྱ་རྒྱུ་མང་དུ་གཏོང་གི་ཡོད་པ་མཚམས་བཞག་མེད་པ་དང་། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཉམས་ཞིབ་ཁང་ཞིག་གི་མཁས་པ་ཇོ་ཤི་ཞེས་པ་ཞིག་གིས་འདས་པའི་ལོ་བཅུ་ཕྲག་གཅིག་ལ་རྒྱ་གར་དང་པ་ཀི་སི་ཐན། རྒྱ་གར་དང་རྒྱ་ནག་བཅས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་ཡོད་པ་ཧ་ཅང་མངོན་གསལ་དོད་པོ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གར་གྱི་དམག་དོན་འགྲོ་གྲོན་འཕར་སྣོན་གཏོང་བཞིན་ཡོད། འདི་ནི་རྒྱ་གར་གཞུང་གིས་གློ་བུར་དུ་དམག་དོན་འགྲོ་གྲོན་མང་དུ་བཏང་བ་ཞིག་མིན། ད་ལྟ་རྒྱ་གར་གཞུང་གིས་རྫ་རིའི་ཕར་རྒོལ་དམག་དཔུང་ཞེས་པ་ཞིག་གསར་འཛུགས་བྱས་ཡོད་པ་རྒྱ་ནག་ལ་ཆེད་དུ་དམིགས་ཡོད་པ་ལས་པ་ཀི་སི་ཐན་ལ་དམིགས་མེད། འདི་ནི་རྒྱ་གར་གྱི་དམག་དོན་འགྲོ་གྲོན་གཏོང་ཡུལ་གསར་པ་ཞིག་དང་། ད་དུང་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་པོ་དང་འཐབ་འཛིང་གནམ་གྲུ་ཁག་ཀྱང་ཡར་རྒྱས་ཕྱོགས་གཏོང་བར་དམག་དོན་འགྲོ་གྲོན་མང་དུ་བཏང་འདུག་ཅེས་བཤད་ཡོད་པ་རེད། ཨོ་གླིང་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཕྱི་སྲིད་དང་བདེ་འཇགས་ཉམས་ཞིབ་པ་ཨེ་ཌམ་ཎི་ཞེས་པ་ཞིག་གིས་རྒྱ་ནག་གི་དམག་དོན་འགྲོ་གྲོན་ལ་བསྡུར་ན་རྒྱ་གར་གྱི་དམག་དོན་འགྲོ་གྲོན་མང་པོ་ཞིག་མིན། རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པ་ལས་ཀྱང་དམག་དོན་འགྲོ་གྲོན་མང་བ་གཏོང་གི་འདུག ཁོ་ཚོས་དམག་དོན་འཐབ་ཇུས་ཀྱི་ཞིབ་འཇུག་ལ་འགྲོ་གྲོན་ཕངས་མེད་གཏོང་གི་ཡོད་པ་དང་། རྒྱ་གར་གྱིས་རང་གི་དམག་དོན་སྟོབས་ཤུགས་ཡར་རྒྱས་གཏོང་གི་ཡོད་པ་དེས་རྒྱ་ནག་ལ་གནོན་ཤུགས་ཐེབས་ཀྱིན་འདུག རྒྱ་གར་ལས་ལྷག་པར་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཡག་ག་ཡོད་དགོས་ན་རྒྱ་ནག་གིས་སྔར་ལས་ལྷག་པའི་དམག་དོན་འགྲོ་གྲོན་མང་བ་གཏོང་དགོས་ཞེས་བཤད་ཡོད་ཅིང་། བྱང་ཀོ་རི་ཡ་དང་རྒྱ་ནག་གི་ཉེན་ཀའི་འོག་ཏུ་༢༠༡༢་ནས་ཉི་ཧོང་གི་དམག་དོན་འགྲོ་གྲོན་ཡང་རིམ་བཞིན་སྤར་དགོས་ཐུག་གི་འདུག་ཅེས་སྙན་ཐོ་བཏོན་ཡོད་པ་རེད།།

XS
SM
MD
LG