ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འདི་ལོའི་སྙན་ཐོ་བཏོན་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཞིབ་འཇུག་གནང་བའི་ལོ་འདིའི་སྙན་ཐོ་དེ་བཞིན་ ཕྱི་ཟླ་༤པའི་ཚེས་༢༥ རེས་གཟའ་ལྷག་པའི་ཉིན་དྲ་རྒྱའི་ཐོག་བཏོན་གནང་ཡོད་པ་དང་ པར་འགྲེམས་རང་དངོས་གཞི་ཕྱི་ཟླ་༥པའི་ཚེས་༨ཉིན་ གནང་འཆར་ཡོད་ཅིང་ དེའི་ནང་ རྒྱ་ནག་གིས་གཙོས་པས་རྒྱལ་ཁབ་༡༦གི་ཆོས་དད་རང་དབང་གི་གནས་སྟངས་ཆེས་ཐ་ཞན་ཡོད་པ་འཐེར་འདོན་གནང་སྟེ་ ཨ་རིའི་གཞུང་གིས་རྒྱལ་ཁབ་དེ་དག་༼ཆེས་བློ་འཚབ་བྱེད་དགོས་པ་ཞིག་ཡིན་པ་༽མིང་འདོན་གནང་དགོས་པ་ཡིན་ཞེས་ནན་བསྐུལ་གནང་ཡོད་པ་རེད་ སྙན་ཐོ་དེའི་ནང་ བོད་ནང་གི་ཆོས་དད་རང་དབང་གི་གནད་དོན་དང་ ལྷག་པར་དུ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་གྱི་ཐད་ དམིགས་བསལ་བློ་འཚབ་ཡོད་པ་གསལ་སྟོན་གནང་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་ལྷན་ཚོགས་དེའི་འགན་འཛིན་གྱི་ཁོངས་སུ་ཡོད་པའི་བོད་མི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG