ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་རི་རྡོ་རྗེ་གཡུ་སྒྲོན་གྱི་དཔའ་མཛངས་སྙིང་སྟོབས།


༡༩༥༥་ལོར་རྒྱ་ནག་གཞུང་གིས་ཉ་རོང་དཔོན་རྒྱ་རི་ཉི་མགཙོས་མདོ་ཁམས་སྨད་ཕོགས་ཀྱི་དཔོན་ཁག་མང་པོ་ཞིག་དཀར་མཛེས་ཁུལ་དུ་ཚོགས་འདུར་བསྐོངས་ཏེ། ཁམས་ཕྱོགས་ཀྱི་ས་གནས་ཁག་ལ་དམངས་གཙོའི་སྒྱུར་བཅོས་ཞེས་པའི་ལས་འགུལ་འགོ་ཚུགས་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། དེར་བརྟེན་རྒྱ་རི་ཉི་མ་དང་བཟའ་ཟླ་ཆུང་བ་རྡོ་རྗེ་ཡུལ་སྒྲོན་གྱིས་ཉ་རོང་ཁུལ་དུ་རྒྱ་དམར་ལ་དྲག་པོའི་ངོ་རྒོལ་སྒེར་ལངས་བྱ་རྒྱུའི་འཆར་འགོད་བྱས་ཡོད་ཅིང་། ༡༩༥༦་གི་མགོ་སྟོད་དུ་རྒྱ་ནག་གཞུང་གིས་ཉ་རོང་ཁུལ་ལ་དམངས་གཙོའི་སྒྱུར་བཅོས་དངོས་སུ་ལག་ལེན་བསྟར་པས་རྒྱ་རི་རྡོ་རྗེ་གཡུ་སྒྲོན་གྱིས་འགོ་ཁྲིད་ནས་ཉ་རོང་མི་མང་གིས་རྒྱ་ནག་གཞུང་ལ་དྲག་པོའི་གྱེན་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ། ཐེངས་འདིའི་ལས་རིམ་ནང་དུ་འབྲེལ་ཡོད་མི་སྣང་གཉིས་ལ་སྐབས་དེའི་ལོ་རྒྱུས་ཀྱི་བྱུང་བ་ཁག་དང་རྒྱ་རི་རྡོ་རྗེ་གཡུ་སྒྲོན་གྱི་དཔའ་མཛངས་སྙིང་སྟོབས་བཅས་ལ་བགྲོ་གླེང་ཞུ་ཡི་ཡིན།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG