ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཡུ་གུར་པ་སྡུག་སྦྱོར་དང་ཨ་རིའི་བློ་འཚབ།


ཨ་མི་རི་ཀའི་སྤྱི་མཐུན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ཧྥ་རན་ཁེ་ཝུལ་ཧྥོས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་ཧ་ཅང་མང་པོ་ཞིག་བཀག་ཉར་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད་ཅིང་། རྒྱ་ནག་གི་ལས་དོན་ཐད་ཀྱི་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པའི་ཕྱག་རོགས་ཀྱི་ངོ་ཚབ། ལྕམ་ལའོ་རཱ་སི་ཌོན་གྱིས་ཀྱང་པེ་ཅིང་དུ་གསར་འགོད་པ་ཚོར་ཞིན་ཅང་ས་ཁུལ་དུ་རྒྱ་ནག་གཞུང་གིས་ཡུ་གུར་པ་དང་ཁ་ཆེའི་མི་རིགས་ཁྲི་ཚོ་ཁ་ཤས་བཀག་ཉར་བྱེད་བཞིན་པར་ཨ་རིའི་གཞུང་གིས་བློ་འཚབ་བྱེད་ཀྱི་ཡོད། ཡུ་གུར་པ་བཀག་ཉར་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་ཨ་རིའི་གཞུང་གིས་ཉེས་ཆད་འགེལ་སྲིད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG