ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་ཁྲིམས་རྩོད་པ་ཞིག་གི་རང་སྲེག


ཨ་མི་རི་ཀའི་སྤྱི་དམངས་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ། བོད་པ་ཚོས་རང་ལུས་མེར་སྲེག་གཏོང་གི་ཡོད་པ་འུ་ཐུག་གི་གནས་སུ་ལྷུང་བ་དང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་བོད་ཀྱི་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་སླེབས་ཐབས་བྱས་པ་ཞིག་ཡིན་ཞིང་། ངས་ཀྱང་འཛམ་གླིང་གི་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་སླེབས་པའི་ཆེད་དུ་རང་ལུས་མེར་སྲེག་བཏང་བ་ཡིན་ཞེས་ཁ་ཆེམས་བཞག་འདུག ཁྲིམས་རྩོད་པ་དེས་རང་ལུས་མེར་སྲེག་ནི་བྱ་ཐབས་གསར་པ་ཞིག་མིན། སྔོན་ཆད་མི་མང་པོ་ཞིག་གིས་རང་སྟེང་གི་དཀའ་ངལ་རྣམས་སེལ་པར་ཐབས་ལམ་གཞན་པ་མ་རྙེད་པའི་དུས་སུ་རང་ལུས་མེར་སྲེག་གི་བྱ་ཐབས་འདི་བདམས་རེད་ཅེས་བྲིས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG