ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་རོབ་ལ་ཁིའུ་ཁིའུ་སྙི་ཆས་མཚམས་འཇོག
please wait

No media source currently available

0:00 0:03:04 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་ཤོས་སྟེ། ཐིན་ཞོན་བཟོ་ཚོང་ཁང་གི་ཁོངས་སུ་ཁིའུ་ཁིའུ་ཞེས་པའི་ཉེར་སྤྱོད་ཀྱི་སྙི་ཆས་ལས་ཁུངས་ཤིག་ཡོད་པ་དེས་གསལ་བསྒྲགས་སྤེལ་དོན། ད་ལོའི་སྤྱི་ཟླ་༥་པའི་ཚེས་༢༠་ནས་འགོ་བཙུགས་ཏེ་ཡུ་རོབ་རྒྱལ་ཁབ་ཁག་ལ་ཁིའུ་ཁིའུ་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱེད་དུ་འཇུག་རྒྱུ་ཡིན། ཁིའུ་ཁིའུའི་ལས་ཁུངས་གཙོ་བོས་དེ་ལྟར་ཁྱབ་བསྒྲགས་བྱ་དགོས་པའི་རྒྱུ་མཚན་ནི་ཡུ་རོབ་རྒྱལ་ཁབ་ཁག་གིས་སྤྱི་ཟླ་༥་པའི་ཚེས་༢༥་ནས་བཟུང་སྟེ་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་སྐྱེ་བོ་སྒེར་པའི་གནས་ཚུལ་ལ་སྲུང་སྐྱོབ་དང་མི་སྒེར་གྱི་གསང་བའི་གནས་ཚུལ་ཕྱི་འཁྱར་འབྱུང་དུ་འཇུག་མི་ཆོག་པའི་དྲ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པར་འབྲེལ་བ་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཁག་གིས་བཟོས་པའི་དྲ་ཁྲིམས་དེར་ཡུ་རོབ་ཁག་གི་བརྡ་འཕྲིན་བཟོ་ཚོང་ལས་ཁང་ཁག་གིས་ངེས་པར་དུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་སྒེར་པ་རྣམས་ཀྱི་གསང་བ་དང་དྲ་ལམ་གྱི་རྒྱུ་ཆ་ཁག་ལ་སྲུང་སྐྱོབ་བྱ་རྒྱུའི་འགན་འཁུར་ལེན་དགོས། གལ་སྲིད་དེ་ལྟར་མ་བྱུང་བར་རྒྱལ་ཁབ་གང་རུང་གི་བརྡ་འཕྲིན་བཟོ་ཚོང་ལས་ཁང་ཁག་གིས་ཡུ་རོབ་ཀྱི་མི་སྒེར་པའི་གསང་བ་ཕྱི་ལ་གྱར་དུ་བཅུག་ནས་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་གང་ཟག་སྒེར་ལ་དོ་ཕོག་བྱུང་ན་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག ཉེ་ཆར་རྒྱ་ནག་གི་ཐིན་ཞོན་བཟོ་ཚོང་ཁང་གིས་སྤེལ་བའི་གསལ་བསྒྲགས་དེར་ཡུ་རོབ་རྒྱལ་ཁབ་ཏུ་ཁིའུ་ཁིའུ་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་པ་ཙམ་ལས་དེའི་རྒྱུ་མཚན་ཅི་ཡིན་ཁ་གསལ་ཞིག་འགྲེལ་བཤད་རྒྱབ་མེད། སྤྱིར་བཏང་རྒྱ་ནག་གིས་དྲ་རྒྱའི་བརྒྱུད་ལམ་དུ་རྒྱ་ནག་གི་མི་སྒེར་པ་རྣམས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་འབྱུང་གི་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་རིང་ལ་ཕྱིའི་རྒྱལ་ཁབ་ཁག་ཏུའང་དྲ་རྒྱ་བརྒྱུད་ནས་མི་སྒེར་པ་དང་གཞུང་གི་དྲ་ལམ་སོགས་ལ་གཏོར་བརླག གཞུང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གྲུབ་འབྲས་དང་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱས་ནས་མི་སྒེར་པའི་དྲ་རྒྱའི་ཁེ་དབང་ལ་དོ་ཕོག་གཏོང་གི་ཡོད་པའི་ཉེན་ཁ་བྱུང་ཡོད། ཉེ་ཆར་ཨོ་གླིང་རྒྱལ་ཁབ་ཀྱི་གཞུང་ཞབས་པ་དམིགས་བསལ་ཅན་ཚོས་རྒྱ་ནག་གི་དྲ་རྒྱའི་སྙི་ཆས་སྐད་འཕྲིན་བེད་སྤྱོད་གཏོང་མི་ཆོག་པའི་ཐག་གཅོད་བྱུང་སྟེ། ཨ་རིའི་སྤྱི་ཚོགས་སུའང་རྒྱ་ནག་གིས་དྲ་རྒྱ་བརྒྱུད་ནས་རྒྱ་ཁབ་གཞན་གྱི་ཚོགས་པ་དང་མི་སྒེར་གྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཐད་ལ་གླེང་སློང་ཆེན་པོ་འབྱུང་གི་ཡོད་ཅིང་། རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་ཤོས་ཐིན་ཞོན་ནམ། ཁྲིན་སིན་ཊི་བཟོ་ཚོང་ཁང་ནི་༡༩༩༨་ལོར་གསར་དུ་བཙུགས། སྤྱི་ལོ་༢༠༠༤་ལོར་ཧོང་ཀོང་དུ་དེབ་སྐྱེལ་བྱས་ནས་ཚོང་ལས་ཀྱི་ངོ་བོ་ཅན་གྱི་བཟོ་ཚོང་ལས་ཁང་ཞིག་ལ་བསྒྱུར། བཟོ་ཚོང་ཁང་དེའི་ཁོངས་སུ་དེང་སྐབས་རྒྱ་ནག་ལ་ཧ་ཅང་འགྲོ་རྒྱུག་ཆེ་བའི་སྐད་འཕྲིན་དང་ཁིའུ་ཁིའུ་གཉིས་ཡོད་པས་ཐིན་ཞོན་གྱི་དྲ་ལམ་རྩེད་མོའི་རིགས་མང་པོ་ཞིག་གསར་གཏོད་བྱས་ནས་རྒྱ་ནག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་བཟོ་ཚོང་ཁང་ཞིག་ཏུ་གྱུར་ཡོད། ཉེ་ལམ་བཟོ་ཚོང་ལས་ཁང་འདིས་དྲ་ལམ་དུ་དངུལ་སྒོར་གཏོང་ལེན་གྱི་ཚོང་ལས་གཉེར་ཆོག་པའི་ལས་རིགས་ཤིག་མགོ་བརྩམས་ནས་བཟུང་སྟེ་རྒྱ་ནག་གི་སྤྱི་ཚོགས་སུ་འགྲོ་རྒྱུག་ཆེ་རུ་ཕྱིན་ཡོད། རྒྱ་ནག་དམར་ཤོག་གཞུང་གི་དབང་སྒྱུར་གྱི་འོག་ཏུ་རྒྱལ་ཁབ་ཀྱི་ལས་དོན་ཐམས་ཅད་སྒོ་ཀུན་ནས་དམར་ཤོག་ཚོགས་པ་གཅིག་པུས་ཐག་གཅོད་བྱས་ནས་དབང་སྒྱུར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་ཐིན་ཞོན་བཟོ་ཚོང་ཁང་ལའང་དམར་ཤོག་ཚོགས་པའི་སྒྲིག་འཛུགས་བཙུགས་ནས་དམར་ཚོགས་པའི་དྲུང་ཆེས་བཟོ་ཚོང་ཁང་དེའི་གཙོ་འགན་ཁུར་ཡོད། གཞན་ཡང་བཟོ་ཚོང་ཁང་དེའི་དྲུང་ཆེ་གཞོན་པ་གསུམ་གྱིས་ཐིན་ཞོན་བཟོ་ཚོང་ཁང་གི་བདེ་འཇགས་དང་དྲ་རྒྱ། གཞུང་འབྲེལ་གྱི་ལས་དོན་ཁག་ལ་འགན་ཁུར་ལེན་གྱི་ཡོད་པ་དང་། བཟོ་ཚོང་ཁང་དེའི་དམར་ཤོག་ཚོགས་པའི་སྒྲིག་འཛུགས་ཀྱི་འོག་ཏུ་དམར་ཤོག་གི་ལས་ཁུངས་གཙོ་བོ་༡༢་དང་ཡན་ལན་ལས་ཁུངས་༡༡༦་ཡོད་པ་རེད།།

XS
SM
MD
LG