སི་རི་ཡའི་སྲིད་འཛིན་དང་སྲིད་འཛིན་ལ་རྒྱབ་སྐྱོར་བྱེད་མཁན་ར་ཤི་ཡ། ཨི་རན་བཅས་པ་མཉམ་འབྲེལ་གྱིས་སི་རི་ཡའི་གྱེན་ལོག་ཤོག་ཁག་གི་དབང་སྒྱུར་འོག་ཏུ་ཡོད་པའི་གྲོང་ཁྱེར་ཞིག་ལ་རྫས་སྦྱོར་དུག་རླངས་ཀྱི་འབར་མདེལ་གཡུགས་ནས་མི་བཅུ་ཕྲག་འགའ་ཞིག་རྐྱེན་ལམ་དུ་ཕྱིན་པར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྐྱོན་བརྗོད་དྲག་པོ་བྱས་པ་དང་། ཁོང་གིས་ར་ཤི་ཡ་དང་ཨི་རན། སི་རི་ཡའི་སྲིད་གཞུང་བཅས་ཀྱིས་མཇུག་འབྲས་ངན་པ་ཞིག་མྱོང་དགོས་ཐུག་སྲིད་ཅེས་ཉེན་བརྡ་བཏང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མ་ལགས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།