ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཡུ་གུར་པའི་ཐོབ་ཐང་རྡོག་བརྫིས་ལ་ཞིབ་འཇུག་དགོས་པའི་ནན་སྐུལ།


༄༅། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་ནན་སྐུལ་གྱི་ཕྱག་བྲིས་ཤིག་ཆེད་སྤྲིངས་གནང་སྟེ། རྒྱ་ནག་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སམ། ཡང་ན་ཞིན་ཅང་ས་ཁུལ་དུ་མི་མང་སྡེབ་འཛིན་བྱེད་ཀྱི་ཡོད་པ་དང་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱི་གསར་འགོད་པའི་ནང་མི་སྤུན་མཆེད་སོགས་ལ་དམ་དྲག་བྱེད་བཞིན་པ་བཅས་ལ་རྟོག་ཞིབ་གནང་དགོས། དེ་བཞིན་རྒྱ་ནག་གཞུང་གིས་རང་གི་བྱ་སྤྱོད་དེ་དག་འོས་འཚམས་ཡིན་མིན་ལ་ལན་འདེབས་ཇི་ལྟར་བྱེད་ཀྱི་ཡོད་མེད་སོགས་ཀྱི་གནས་ཚུལ་རྣམས་ཀྱང་ངེས་པར་དུ་ཞིབ་འཇུག་བྱས་ནས་ཨ་རིའི་གྲོས་ཚོགས་ལ་མཁོ་སྤྲོད་ཡོང་བའི་རེ་སྐུལ་ཞུས་ཡོད་པའི་སྐོར། པདྨ་བདེ་ཆེན་ལགས་ཀྱིས་ལྷན་ཚོགས་དེའི་གསར་འགོད་གསལ་བསྒྲགས་དང་ནན་སྐུལ་ཕྱག་བྲིས་དེའི་འབྲུ་དོན་ཁག་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG